རྒྱ་ནག་ནང་དབྱེ་འབྱེད་འགོག་སྲུང་ལས་འགུལ་བ་འཇུ་བཟུང་།


2015.06.15
ལས་འགུལ་བYang Zhangqingདང་Guo Binགཉིས། ལས་འགུལ་བYang Zhangqingདང་Guo Binགཉིས།
CHRD

རྒྱ་ནག་ནང་མཆིན་ནད་སོཊ་དབྱེ་འབྱེད་འགོག་སྲུང་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་མི་གཉིས་འཇུ་བཟུང་བྱས་བ།
དེ་ཡང་རྒྱ་ནག་གི་ཉེན་རྟོག་པས་པེ་ཅིན་ནང་རྟེན་གཞི་བྱས་པའི་Yirenpingཟེར་བ་སྤྱི་ཚོགས་ནང་དབྱེ་འབྱེད་འགོག་སྲུང་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་མི་གཉིས་ཁ་སྔོན་རེས་གཟའ་པ་སངས་ཉིན་འཛིན་བཟུང་བྱས་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་དེས་རྒྱ་ནག་ནང་མཆིན་པའི་གཉན་ཚད་Hepatitis Bདང་། ཨེ་ཙི་འགོས་ནད་HIVའམ་AIDSནད་གཞིའི་དབར་དབྱེ་འབྱེད་འགོག་སྲུང་གི་ཁྲིམས་མཐུན་ཟབ་སྦྱོང་དང་། སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ལས་འགུལ་དེའི་ཁྲོད་ནས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཀོང་ཏོང་ཞིང་ཆེན་ས་གནས་ཉེན་རྟོག་པས་ལས་འགུལ་བ་སྐུ་ཞབས་Guo Binདང་། Yang Zhangqingགཉིས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་ལུགས་Yirenpingགཞུང་འབྲེལ་མིན་པའི་ཚོགས་པས་སྤྱི་ཚོགས་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་གསལ་སྟོན་གནང་འདུག གནས་ཚུལ་ནང་བཀོད་པར་གཞིགས་ན། ཉེ་བའི་ཆར་རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ལས་འགུལ་བ་ཁག དེ་བཞིན་གསར་འགོད་པ་དང་། ཁྲིམས་རྩོད་པ་སོགས་ཀྱི་ཐོག་ཧ་ཅང་གི་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྣ་དེ་རིགས་བརྒྱ་ཕྲག་མང་པོ་བཀག་ཉར་དང་། མང་དག་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎