རྒྱ་ནག་གིས་འཇིཊ་སྐུལ་དྲག་སྤྱོད་པ་ཡིན་ཚུལ་གྱིས་སྐྱོན་བརྗོད་བྱས་འདུག


2016.04.22
འཛམ་གླིང་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་Rebia Kadeerཡིས་རྒྱ་ནག་གི་སྲིད་འཛིན་ཞེ་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་གནང་བཞིན་པ། ༢༠༡༦།༣།༣༡ འཛམ་གླིང་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་Rebia Kadeerཡིས་རྒྱ་ནག་གི་སྲིད་འཛིན་ཞེ་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་གནང་བཞིན་པ། ༢༠༡༦།༣།༣༡
lhuboom/RFA

བཞུགས་སྒར་རྡ་རམ་ས་ལར་ཚོགས་འཆར་ཡོད་པའི་མི་རིགས་འདྲ་མིན་སྣ་ཚོགས་ཀྱི་འགོ་འཁྲིད་ཚོགས་འདུ་ཞེས་པའི་བགྲོ་གླེང་ལྷན་ཚོགས་སྟེང་། ཕྱི་སྡོད་ཡུ་གུར་འཛམ་གླིང་ལྷན་ཚོགས་ཀྱི་འགོ་ཁྲིད་Dolkum Isa་མཉམ་བཞུགས་བྱེད་ཆེད་རྒྱ་གར་གཞུང་ནས་ཁོང་ལ་རྒྱ་གར་ནང་ཕེབས་ཆོག་པའི་མཐོང་མཆན་visa་སྤྲད་ཡོད་པ་དང་།  རྒྱ་ནག་གཞུང་ནས་ཁོང་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ཚུལ་གྱི་སྐྱོན་འཛུགས་བྱས་སྟེ་རྒྱ་གར་གཞུང་ནས་ཁོང་ཁྲིམས་ཐོག་དཀྱེལ་དགོས་ལུགས་བཤད་འདུག།
ཨ་རིའི་ནང་རྟེན་གཞི་བྱེད་པའི་Initiatives for China་ཞེས་དེ་སྔ་པེ་ཅིང་གནམ་སྡེ་སྒོ་མོའི་དོན་རྐྱེན་སྐབས་སློབ་ཕྲུག་གི་འགོ་ཁྲིད་གྲས་རྒྱ་རིག་Yang Jiangli་ཞུ་བས་སྣེ་ཁྲིད་བྱས་པའི་དམངས་གཙོ་གོང་འཕེལ་གྱི་སྒྲིག་འཛུགས་ཞིག་གི་གོ་སྒྲིག་འོག། ཕྱི་ཚེས་༢༨་ནས་ཉིན་གསུམ་རིང་། བཞུགས་སྒར་དུ་བོད་རིགས་དང་། ཡུ་གུར་བ། དེ་བཞིན་ཕྱི་སྡོད་རྒྱ་རིགས་སོགས་ལྷན་འཛོམས་ཀྱིས་རྒྱ་ནང་གི་དམངས་གཙོའི་འགྱུར་ལྡོག་སྐོར་ལ་བགྲོ་གླེང་ཚོགས་འཆར་ཡོད་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། བགྲོ་གླེང་དེའི་ནང་ཕྱི་སྡོད་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་Dolkum Isa་ཞུ་བ་མགྲོན་འབོད་གནང་ཡོད་པ་ལྟར། རྒྱ་གར་གཞུང་ནས་ཁོང་ལ་མཐོང་མཆན་Visaགནང་ཡོད་པ་རེད། འོན་ཀྱང་ཁ་ས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་སྟེ། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་Dolkun Isa ཟེར་བ་དེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་དང་། རྒྱ་གར་གཞུང་ནས་ཁོང་ལ་མཐོང་མཆན་Visa་ཕུལ་བར་སྐྱོན་བརྗོད་དང་སྦྲགས་རྒྱ་གར་གཞུང་ནས་ཁོང་ལ་ཁྲིམས་བཤེར་བྱེད་པའི་འགན་འཁྲིད་ཡོད་ལུགས་ནན་བརྗོད་བྱས་ཡོད་སྐོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱ་གར་གྱི་India Today་དུས་དེབ་ཀྱི་གསར་འགོད་པ་Ananth Krishnan་ཞུ་བས་གནས་ཚུལ་སྤེལ་འདུག།
འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་Dolkun Isa་ནས་བགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་བྱ་མིན་གཏན་འཁེལ་མེད་ནའང་རྒྱ་གར་གཞུང་གིས་ཁོང་ལ་མཐོང་མཆན་སྤྲད་ཡོད་པ་ར་སྤྲོད་བྱས་འདུག།
གནས་ཚུལ་ནང་གསལ་ལྟར་ན། ཡུ་གུར་བ་Isaའཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་མིང་བཀོད་བྱས་པའི་རྗེས་༢༠༠༩་ལོར་ཁོང་ལྷོ་ཀོ་རི་ཡར་འགྲོ་བསྐྱོད་བཀག་སྡོམ་བྱས་འདུག་ལ་ སྐབས་དེར་རྒྱ་ནག་གཞུང་ནས་༡༩༩༠ལོར་། ཤར་ཏུར་ཀི་སི་ཐན་གྱི་Toksuརྫོང་དུ་འབར་རྗས་གས་གཏོར་གྱི་དོན་རྐྱེན་ནང་Isaཐེ་ཇུས་ཡོད་པ་སྐྱོན་འཛུགས་བྱས་ཡོད་པ་རེད༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎