རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་བའི་སྐོར།

ཐའེ་ལྦན་དུ་རྒྱ་ནག་དང་ཐའེ་ལྦན་སྐུ་ཚབ་དབར་གྲོས་མོལ་སྐབས་སྨན་གྱི་གཞི་ཡུལ་ཁག་གི་ལས་དོན་མཉམ་ལས་བྱ་རྒྱུའི་གྲོས་འཆམ་བྱུང་བ།

2010.12.21

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་དུ་རྒྱ་ནག་དང་ཐའེ་ལྦན་སྐུ་ཚབ་དབར་གྲོས་མོལ་སྐབས་སྨན་གྱི་གཞི་ཡུལ་ཁག་གི་ལས་དོན་མཉམ་ལས་བྱ་རྒྱུའི་གྲོས་འཆམ་བྱུང་བ་དང་ཕྱོགས་གཉིས་པོའི་ཚོང་ལས་སྲུང་སྐྱོབ་ཀྱི་གནད་དོན་ཐོག་གྲོས་བསྡུར་བྱས་ཡོད་པ་རེད།

དེ་ཡང་རྒྱ་ནག་སྐམ་ས་ཆེན་པོའི་མཚོ་ཁག་གཉིས་ཀྱི་འབྲེལ་མཐུད་ལས་ཁང་གི་འགོ་ཁྲིད་ཁྲེན་ཡུན་ལིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་ཡོད་པ་ལྟར། དེ་རིང་ཁྲེན་ཡུན་ལིན་དང་ཐའེ་ལྦན་གྱི་སྐུ་ཚབ་གཉིས་པོས་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ལྦན་དབར་ལ་དཔལ་ཡོན་ལྡན་པ་དང༌། ཞི་བདེ་རྒྱུན་གནས་ཡོང་ཐབས་ཀྱི་ཆེད་དུ་ཕྱོགས་གཉིས་དབར་རྒྱུན་དུ་འབད་བརྩོན་བྱེད་བཞིན་པའི་གནད་དོན་ཐོག་བཀའ་བསྡུར་གནང་ཡོད་ཅིང༌། ཐའེ་ལྦན་གྱི་ཆེས་མཐོའི་སྐུ་ཚབ་ནས། ཁོང་གཉིས་དབར་གྱི་གྲོས་མོལ་འགོ་བཙུགས་ས་ནི། རྒྱལ་ས་ཐའེ་ཕེའི་གནད་ཆེའི་མགྲོན་ཁང་ཞིག་ཏུ་གནང་བའི་སྐོར་གསུངས་ཡོད་པ་དང༌། རྒྱ་ནག་གི་སྐུ་ཚབ་ཁྲེན་ཡུན་ལིན་གྱིས། ང་ཚོ་ཚོགས་པ་གཉིས་དབར་ལ་གྲོས་མོལ་གྱི་ལས་དོན་བྱེད་བཞིན་པ་དེར་ཐའེ་ལྦན་མི་དམངས་ནང་རྒྱབ་སྐྱོར་མང་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་ཡོད་པ་རེད། ཡིན་ནའང་མཚོ་ཁག་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པ་དེར་ཐའེ་ལྦན་མི་དམངས་ས་ཡ་༢༣ཡོངས་ཀྱིས་དགའ་བསུ་ཐོབ་པར་ད་དུང་ཡང་དུས་ཡུན་རིང་པོ་འགོར་གཞིའི་གནས་ཚུལ་ཞིག་ཡིན་པ་དང༌། དེ་ནི་ཐའེ་ལྦན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དམངས་གཙོ་ཡར་རྒྱས་ཚོགས་པས། ཁྲེན་ཡུན་ལིན་ཐའེ་ལྦན་ནང་ཉིན་གསུམ་འཚམས་འདྲི་བྱེད་པའི་རིང་ལ་ས་གནས་གང་དུ་བསྐྱོད་ཀྱང་ངོ་རྒོལ་བྱེད་དུ་རྗེས་སྙེགས་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་མ་ཟད། དེ་རིང་རེས་གཟའ་མིག་དམར་ཉིན་ཁྲེན་གྱི་མགྲོན་ཁང་ཕྱི་ཕྱོགས་སུ་མི་དམངས་ཁག་ཅིག་འདུ་འཛོམས་ཀྱིས་ཁྲེན་ཡུན་ལིན་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་པོའི་གྲོས་མོལ་སྐུ་ཚབ་ཁྲེན་ཡུན་ལིན་རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་བ་དང༌། རེས་གཟའ་ལྷག་པ་བར་ཉིན་གསུམ་རིང་འཚམས་འདྲིའི་འཆར་གཞི་ཡོད་ཅིང༌། དེ་རིང་ཕྱོགས་གཉིས་པའི་གྲོས་མོལ་མཇུལ་སྒྲིལ་སྐབས། འགོས་ནད་རིགས་སྔོན་འགོག་གི་ལས་དོན་མཉམ་ལས་བྱ་རྒྱུ་དང་སྨན་གྱི་གཞི་ཡུལ་ཡར་རྒྱས་ལ་མཉམ་རུབ་ཀྱི་ཞིབ་འཇུག་ལས་དོན་བྱ་རྒྱུ། དེ་བཞིན་དཔལ་འབྱོར་གྱི་མ་རྩ་འཛུགས་རྒྱུའི་ཚོང་འབྲེལ་མུ་མཐུད་གོང་འཕེལ་གཏོང་རྒྱུའི་གནད་དོན་ཐོག་གྲོས་འཆམ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎