རྒྱ་ནག་དང་ཐེ་ལྦན་གྱི་ཚོང་འབྲེལ་གྲོས་མཐུན་ལ་ས་རྟགས་བཀོད།

རེས་གཟའ་མིག་དམར་ཉིན་རྒྱ་ནག་དང་ཐེ་ལྦན་དབར་ལ་ལོ་རྒྱུས་ལྡན་པའི་ཚོང་འབྲེལ་གྲོས་མཐུན་ཐོག་དངོས་སུ་ས་རྟགས་རྒྱབ་ཡོད་པ་རེད།

2010.06.29

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་དང་ཐེ་ལྦན་དབར་ལ་ལོ་རྒྱུས་ལྡན་པའི་ཚོང་འབྲེལ་གྲོས་མཐུན་ཐོག་དངོས་སུ་ས་རྟགས་རྒྱབ་ཡོད་པ་རེད།

ཐེ་ལྦན་དང་རྒྱ་ནག་དབར་གྱི་དཔལ་འབྱོར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དེར་ཕྱོགས་གཉིས་པོས་དགའ་བསུ་ཞུས་ཡོད་པ་ནི། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ནུས་སྟོབས་ཆེ་བའི་དུས་རབས་ནང་ལོ་རྒྱུས་རང་བཞིན་ལྡན་པ་དང་དགོས་ངེས་ཅན་གྱི་ཚོང་འབྲེལ་གྲོས་མཐུན་ཞིག་ཡིན་པར་ངོས་འཛིན་གྱིས་དེ་རིང་རྒྱ་ནག་གི་གྲོང་ཁྱེར་ཀྲོང་ཆིང་ནང་ཕྱོགས་གཉིས་པོའི་ཆེས་མཐོའི་དཔོན་རིགས་ཀྱིས་ས་རྟགས་རྒྱབ་ཡོད་པ་རེད། ད་རེས་ས་རྟགས་རྒྱབ་པའི་ཚོང་འབྲེལ་གྱི་གྲོས་མཐུན་དེའི་ཐོག་ལ། ཐེ་ལྦན་གྱི་སྐུ་ཚབ་འཐུས་མིའི་འགོ་ཁྲིད་ཅང་ཕིན་ཀུང་གིས། ཕྱོགས་གཉིས་དབར་གྱི་དཔལ་འབྱོར་འབྲེལ་ལམ་ནང་དུ་གལ་ཆེའི་ལེའུ་གསར་པ་ཞིག་དང༌། འཕེལ་རྒྱས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་ཡིན་པའི་བསྔགས་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཐེ་ལྦན་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་གྱི་ཐེ་ལྦན་མི་དམངས་ནས། ཚོང་འབྲེལ་གྱི་གྲོས་མཐུན་དེ་ནི་ཐེ་ལྦན་གྱི་ཐོག་ལ་རྒྱ་ནག་གི་ཆབ་སྲིད་ཀྱི་གནོན་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ལྡོག་ཏུ་མེད་པ་ཞིག་ཡིན་པ་སྐྱོན་བརྗོད་བྱེད་པ་མ་ཟད། ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཐེང་ཧུའེ་ཡིས་གྲོས་མཐུན་དེས་ཐེ་ལྦན་ལ་གནོད་འཚེ་བཟོ་རྒྱུ་ཡིན་པའི་བཀའ་མོལ་གསུང་པ་བཞིན་ད་རེས་ཀྱི་གཟའ་མཇུག་ལ་ཐེ་དབན་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་གྲོས་མཐུན་དེར་འདོད་པ་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་བའི་ནང་སྐུ་ཞབས་ལི་ཐེང་ཧུའེ་ཡང་མཉམ་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎