༸གོང་ས་མཆོག་ནས་ཉི་ཧོང་ནང་གསུང་ཆོས།

རྒྱ་ནག་དང་ཉི་ཧོང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབས་ལ་སོགས་པ་རང་ཉིད་ཀྱི་ཡིག་ཐོག་ཏུ་ཕབ་བསྒྱུར་བྱུ་རྒྱུ་དེ་གལ་འགངས་ཆེ།

༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༢་ཉིན་ཉི་ཧོང་གི་གྲོང་ཁྱེར་ཀ་ན་ཛ་ལྦ་ནང་གསུང་ཆོས་གནང་བའི་སྐབས་ རྒྱ་ནག་དང་ཉི་ཧོང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབས་དང་དེ་མིན་གྱི་སྐྱེས་ཆེན་དམ་པ་ཚོས་བྲིས་གནང་བའི་ནང་ཆོས་ཁག་རང་ཉིད་ཀྱི་ཡིག་ཐོག་ཏུ་ཕབ་བསྒྱུར་བྱུ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ལྟ་བུའི་ནང་པའི་རྒྱལ་ཁབ་ནང་གསུང་ཆོས་གནང་རྒྱུར་ཐུགས་སྤྲོ་པོའི་ཚོར་སྣང་དང་ནང་ཆོས་ལ་དད་ཞིན་བྱེད་མཁན་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའི་ཆོས་པ་ཞིག་བྱ་དགོས་ཤིང་ ཆོས་ལྟ་ཀློག་གཅིག་པུ་མིན་པར་ནང་ཆོས་དེ་བཞིན་ཤེས་ཡོན་ལྟར་སྦྱང་བརྩོན་བྱ་དགོས་པ་དང་ དེ་ཡང་དཔལ་ན་ལེན་ཊའི་ཆོས་ལུགས་ཀྱི་སྙིང་པོ་ཡིན་པའི་སྐོར་བཀའ་སྩལ་ཡོད་འདུག

དེ་རྗེས་མང་ཚོགས་ནས་བཀའ་འདྲི་ཞུས་པའི་གནད་དོན་ཁག་གི་ཐོག་བཀའ་གནང་བའི་ནང་ ཉི་ཧོང་གི་བེུད་ཅིག་གིས་ཁོང་ཉེ་དུས་བོད་ནང་སྐྱོད་པའི་སྐབས་ཀྱི་མྱོང་ཚོར་ཞིག་གླེང་བའི་སྐབས་ བོད་མི་ཚོས་མི་ཚང་མར་སེམས་བཟང་གི་རྣམ་འགྱུར་བཏོན་ནས་འཚོ་ཐབས་བྱེད་བཞིན་པའི་གནས་སྟངས་མཐོང་ཚུལ་བྱུང་བ་དང་ བོད་མི་ཚོས་གང་འདྲ་བྱས་ཏེ་ཚང་མར་སེམས་བཟང་བྱ་ཐུབ་ཀྱི་ཡོད་པའི་སྐོར་བཀའ་འདྲི་ཞུས་པར་ དེར་༸གོང་ས་མཆོག་ནས་བོད་མིའི་རིག་གཞུང་ཁོ་ན་ནི་སྙིང་རྗེ་དང་ཞི་བདེ་ འཚེ་བ་མེད་པའི་ལམ་བུའི་ཐོག་ནས་འཚོ་ཐབས་བྱེད་ཀྱི་ཡོད་པར་བརྟེན་ནས་ཡིན་པ་བཀའ་ལན་སྩལ་ཡོད་པ་རེད་ དེ་དང་ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚན་རིག་དང་ཆོས་ལུགས་ཀྱི་ཐོག་བཀའ་སློབ་སྩལ་སྐབས་ནང་ཆོས་དང་ཚན་རིག་གི་རིག་སྟོབས་ནི་གཅིག་མཚུངས་ཡིན་པ་དེར་ཚན་རིག་པ་མང་པོ་ཞིག་གིས་མོས་མཐུན་གནང་གི་ཡོད་ཅིང་ ཚན་རིག་དང་ནང་ཆོས་དབར་ཐབས་ལམ་མི་འདྲ་བ་ཡོད་ན་ཡང་ འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུར་ནང་ཆོས་དང་ཚན་རིག་གཉིས་ཀས་ལེགས་སྐྱེད་འབུལ་ཐུབ་ཀྱི་ཡོད་པ་བཀའ་སྩལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org