ཕེ་རན་སིའི་སྲིད་འཛིན་ཟུར་པའི་ལྕམ་སྐུ་གཤེགས་པར་མྱ་ངན།

བོད་དོན་རྒྱབ་སྐྱོར་བ་ལྕམ་ཌེ་ནིཡེལ་མི་ཏེ་རོན་སྐུ་ཚེའི་འཕེན་པ་རྫོགས་པར་བཀའ་ཤག་ནས་མྱ་ངན་གུས་བཀུར་གྱི་འཚམས་འཕྲིན་ཞིག་གནང་བ།

2011.11.22

༄༅༎ཕེ་རན་སིའི་སྲིད་འཛིན་ཟུར་པ་ཕེརན་ཁོའེ་མི་ཏེ་རོན་གྱི་ལྕམ་ཌེ་ནིཡེལ་མི་ཏེ་རོན་ཁ་སང་ཕྱི་ཟླ་ ༡༡་ཚེས་ ༢༡ གཟའ་མིག་དམར་ཉིན་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་མྱ་ངན་གུས་བཀུར་གྱི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད། ཁོང་དགུང་གྲངས་ ༨༧ ལ་ཕེབས་ཡོད་པ་དང་ བཀའ་ཤག་གི་འཚམས་འཕྲིན་དེའི་ནང་ལྕམ་སྐུ་འདས་པོ་ཁོང་ནི་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཧ་ཅང་གི་ཆེན་པོ་ཞུ་མཁན་ཞིག་ཡིན་པར་མ་ཟད། བོད་མི་ཚོའི་ཧ་ཅང་གི་སེམས་ཐག་ཉེ་བའི་མཛའ་གྲོགས་ཤིག་དང་ བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་ཞིང༌། ཁོང་སྐུ་ཚེ་མ་ཟིན་པ་གྱུར་བ་དེ་ནི་བོད་མི་ཚོའི་བློ་ཐུབ་ཀྱི་གྲོགས་པ་ཞིག་མེད་པར་གྱུར་བ་རེད་ཅེས་དང་ བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་དམ་པ་དེའི་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་ཞུ་རྒྱུ་མ་ཟད། དམ་པ་ཁོང་ལ་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན་ཅེས་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎