ཁྱུང་མཆུ་རྫོང་དུ་ཉེན་རྟོག་པ་ཚོས་མི་མང་ལ་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་དགོས་ཟེར་བའི་ཡིག་ཆ་ཞིག་ལ་མིང་རྟགས་རྒྱག་གི་འཇུག་བཞིན་ཡོད་འདུག

2023.02.07
ཁྱུང་མཆུ་རྫོང་དུ་ཉེན་རྟོག་པ་ཚོས་མི་མང་ལ་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་དགོས་ཟེར་བའི་ཡིག་ཆ་ཞིག་ལ་མིང་རྟགས་རྒྱག་གི་འཇུག་བཞིན་ཡོད་འདུག ཁྱུང་མཆུ་རྫོང་དུ་ཉེན་རྟོག་པ་ཚོས་མི་མང་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་དགོས་ཟེར་བའི་ཡིག་ཆ་ཞིག་ལ་མིང་རྟགས་རྒྱག་གི་འཇུག་བཞིན་པ། ༠༡།༢༠༢༣
བོད་འབྱོར།

འདི་ལོའི་ཕྱི་ཟླ་༡པོའི་ཚེས་༥ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་ཁྱུང་མཆུ་རྫོང་དང་རྔ་བ་ཕྱོགས་སུ་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། ཉེན་རྟོག་པ་ཚོ་ཁྱིམ་ཚང་རེ་རེར་ཉུལ་ཞིབ་ཀྱིས་ཁྱིམ་མི་ཚོར་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐག་དགོས་པའི་ས་ཡིག་རྒྱག་བཅུག་པ་དང་། ཁྱིམ་ཚང་ནང་ལྟ་བཤེར་སོགས་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འབྲེལ་ཡོད་བོད་མི་དེས་བརྗོད་དོན་ལ། ཁྱུང་མཆུ་ཕྱོགས་ནས་སྡེ་བ་རེ་རེའི་ནང་དུ་ཡོང་མཁན་ཉེན་རྟོག་པ་ཚོས་གཙོ་བོ་ཡིག་ཆ་ཞིག་ལ་ས་ཡིག་རྒྱག་བཅུག་བཞིན་ཡོད་པ་ལས། ཡིག་ཆའི་ནང་དོན་ག་རེ་བྲིས་ཡོད་པ་སོགས་ཀློག་བཅུག་མེད་པས། ཅི་ཞིག་གི་ཆེད་ཡིན་ཤེས་རྟོགས་མེད་ཀྱང་ཁོང་ཚོས་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་བཙན་ཐབས་ཀྱིས་ས་ཡིག་བརྒྱབ་བཅུག་གི་ཡོད་པ་དང་། གཞན་ཡང་ལམ་ཁ་སོགས་ནས་འགྲོ་སྐྱོད་སྐབས་ཞིབ་བཤེར་དང་ཁ་པར་སྔོག་བཤེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་ལོར་དགོན་པ་ཁག་གི་ཆོ་འཕྲུལ་སྨོན་ལམ་དང་འབྲེལ་བོད་ནང་གི་དགོན་སྡེ་ཁག་ཏུ་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་དང་། བླ་བྲང་སོགས་སུ་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་དེ་བདེ་འཇགས་ཆེད་ཡག་པོ་ཡིན་སྐོར་བོད་མི་ཚོར་དྲ་ལམ་དུ་བཤད་བཅུག་བཞིན་པ་མཐོང་རྒྱུ་འདུག་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ལོ་གསར་དང་སྨོན་ལམ་སྐབས་བོད་ནང་གི་ས་ཁུལ་རེ་གཉིས་ཙམ་མ་ཡིན་པར་ས་ཁུལ་མང་ཆེ་བའི་ནང་བདེ་འཇགས་ལ་ཁ་གཡར་ནས་ནང་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེན་བྱས་ཏེ་མི་མང་གི་འགྲོ་འདུག་ཐད་ལྟ་བཤེར་ཤུགས་ཆེར་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

chung chu.png
རྒྱ་ནག་གཞུང་གིས་ནམ་རྒྱུན་སྲིད་གཞུང་གི་ལས་དོན་འདྲ་མིན་ལ་ཁ་གཡར་ནས་བོད་ནང་གི་བོད་མི་ཚོའི་ཁྱིམ་ཚང་ནང་སྔོག་བཤེར་དང་། ཕྱི་ལོ་༢༠༢༡ལོར་རྫ་དབོན་པོ་ཁུལ་དུ་བོད་མི་ཚོའི་ཁ་པར་དང་ཁྱིམ་ཚང་ནང་དུ་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་གཤོམ་བྱས་ཡོད་མེད་ཐད་ཞིབ་བཤེར་གྱིས་བོད་མི་སེར་སྐྱ་༡༠ལྷག་འཛིན་བཟུང་དང་། གཞན་ཡང་ཕྱི་ལོ་༢༠༢༢ལོར་མཚོ་སྔོན་ཕྱོགས་སུ་དབུལ་སྐྱོར་རྟོགས་ཞིབ་ཆེད་ཡིན་སྐོར་བརྗོད་ནས་ཁྱིམ་ཚང་ནང་རྟོགས་ཞིབ་དང་བྱིས་པར་སློབ་གསོ་ག་འདྲ་སྐྱོན་གྱི་ཡོད་མེད་འདྲི་རྩད་རིགས་བྱས་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༦ཚེས་༡༡ཉིན་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོའི་ནང་སྔོག་བཤེར་དང་འབྲེལ་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་སྐོར་བརྗོད་ནས་འཛུམ་དཀར་དང་གཡུ་སྒྲོན་གཉིས་འཛིན་བཟུང་བྱས་བའི་གནས་ཚུལ་བྱུང་ཡོད་པ་རེད།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎