རྒྱ་ནག་གིས་ཨ་རིའི་ནང་གུང་ཁྲན་ཏང་གི་སྒྲིག་འཛུགས་འཛུགས་ཀྱིན་འདུག


2018.04.20
ཨ་རིའི་ནང་གི་རྒྱ་མི་རིགས་འདུ་འཛོམས། ༢༠༡༦།༤།༡ ཨ་རིའི་ནང་གི་རྒྱ་མི་རིགས་འདུ་འཛོམས། ༢༠༡༦།༤།༡
Lhuboom/RFA

རྒྱ་ནག་གིས་ཨ་རིའི་ནང་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་འཛུགས་འཛུགས་ཀྱིན་ཡོད་པ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དུས་དེབ་སྟེང་རྩོམ་ཡིག་སྤེལ་འདུག
དེ་ཡང་ཚེས ༡༨ཉིན། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཞེས་པའི་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་ཞིག་སྤེལ་ཡོད་པ་དེའི་ནང་།  རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མའི་ཁྲོད་གུང་ཁྲན་ཏང་གི་སྒྲིག་འཛུགས་འཛུགས་ཀྱིན་ཡོད་པ་དང་། རྒྱ་ནག་གི་སྟངས་འཛིན་ནུས་པ་དེ་རྒྱལ་སྤྱིའི་ཅན་དུ་བསྒྱུར་ནས། རྒྱ་རིགས་སློབ་མ་རྣམས་ཕྱི་རོལ་འཇིག་རྟེན་གྱི་བསམ་བློ་ངན་པ་ཟེར་བ་དང་འབྲེལ་འདྲིས་མི་ཡོང་ཐབས་བྱས་ཡོད་ཚུལ་བཀོད་འདུག
ཁ་བྱང་ལ༼ རྒྱ་ནག་གུང་ཁྲན་ཏང་གིས་ཨ་རིའི་ནང་གུང་ཁྲན་ཏང་གི་སྒྲིག་འཛུགས་འཛུགས་བཞིན་པ༽ཞེས་པའི་རྩོམ་ཡིག་ཏུ། ཨ་རིའི་ཨི་ལི་ནོཡིསྀ་དང་(Illinois) ཨོ་ཧཱ་ཡོ། (Ohio) ནིཡུ་ཡོརཀ། (New York)ནུབ་ཝིར་ཇི་ནི་ཡ།(West Virginia)ཀ་ནེཀ་ཊི་ཀཊ་(Connecticut)་སོགས་མངའ་སྡེ་ཁག་གི་ནང་གུང་ཁྲན་ཏང་གི་སྒྲིག་འཛུགས་བཙུགས་ཡོད་པ་བཀོད་འདུག
ཨི་ལི་ནོཡིསྀ་(Illinois)སློབ་ཆེན་གྱི་རྒྱ་རིགས་སློབ་མ་ཞིག་གིས་ཁོ་རང་ཨ་རིར་མ་ཡོང་གོང་སློབ་གསོ་སྤྲད་ནས་ཧྥ་ལོང་ཀོང་སྒོམ་གྲུབ་ཚོགས་པ་ནི་ཧ་ཅང་ཉེན་ཁ་ཆེ་བའི་ཚོགས་པ་ཞིག་ཡིན་ཚུལ་ངོ་སྤྲོད་བྱས་ལུགས་བཤད་འདུག
དེ་མིན་ཡང་གོང་ཞུས་རྒྱ་རིགས་སློབ་མ་དེས། ཁོ་རང་ཨ་རིར་ཐོན་རྗེས། འབྲེལ་ཡོད་ཚན་པས་ཨ་རིའི་སློབ་ཆེན་རྭ་བའི་ནང་གུང་ཁྲན་ཏང་གི་སྒྲིག་འཛུགས་འཛུགས་ཐབས་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་། རྩ་འཛུགས་བྱས་ནས་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་བར་ལྟ་རུ་བཅུགས་ཚུལ། དེ་མིན་སློབ་གྲྭ་གཅིག་གི་སློབ་གྲོགས་ཚོའི་བྱ་སྤྱོད་དང་བསམ་བློ་སོགས་དུས་ཐོག་གོང་རིམ་ཚན་པར་ཡར་ཞུ་བྱེད་དགོས་ལུགས་ཀྱང་འགྲེལ་བརྗོད་གནང་འདུག
རྩོམ་ཡིག་དེའི་རྩོམ་པ་པོས་འདི་ནི་རྒྱ་ནག་གུང་ཁྲན་ཏང་གི་བསམ་བློ་བཏང་འཛིན་གྱི་ཐབས་ཤེས་ཤིག་ཡིན་ལ། སྟངས་འཛིན་དེ་རྒྱ་ནག་ལས་བརྒལ་དེ་གོ་ལ་ཧྲིལ་བོ་ཁྱབ་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎