ཁ་མཆུ་ཨང་༢༠་པའི་ཐད་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་གཏན་འབེབས་གནང་འདུག


2019.06.27
ཁ་མཆུ་ཨང་༢༠་པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཐེངས་དང་པོའི་སྐབས། ༢༠༡༩།༦།༡༥ ཁ་མཆུ་ཨང་༢༠་པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཐེངས་དང་པོའི་སྐབས། ༢༠༡༩།༦།༡༥
ཆེས་མཐོའི་ཁྲིམས་ཞིབ་ཁང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཐེངས་གཉིས་པའི་ཐོག་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་གཏན་འབེབས་གནང་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་༢༠༡༩ ཟླ་༦ཚེས་ ༢༧ ་ཉིན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་༤༠ པ་གཞིར་བཟུང་ཁ་མཆུ་ཨང་༢༠་པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས་པ་བསྐོང་ཚོགས་གནང་ཡོད་པ་དང་། ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་། རྩོད་ལེན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་དང་ངོ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱི་བཙོས་བཀའ་དྲུང་ལས་ཟུར་བཅས་ལྷན་འཛོམས་ཐོག ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་གིས། དེ་སྔོན་རགས་ཟིན་སྙན་ཐོའི་ཐོག་ལ་གནད་དོན་སྣོན་འཕྲི་འམ་ཁུངས་སྐྱེལ་འགན་འཁུར་སྤོ་བཤུ་ཇི་དགོས་ཀྱི་བསམ་ཚུལ་བསྡུ་ལེན་གནང་སྐབས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ནས་དོན་ཚན་དྲུག་སྣོན་དགོས་པ་ཞུས་པའི་ཐད་རྩོད་ལེན་པ་སྲིད་སྐྱོང་ལ་འགག་པ་ཡོད་མེད་འདྲི་རྩད་བྱས་པར། དོན་ཚན་ཡོངས་རྫོགས་ལ་དགག་པ་བྱས་ཡོད་པར་སོང་ཆེས་མཐོའི་ཁྲིམས་ཞིམས་ཁང་ནས་དེའི་ཐོག་དཔྱད་ཞིབ་ཞིབ་ཚགས་གནང་མཐར་དོན་མཚན་གསུམ་ངོས་བཞེས་གནང་ཞིང་། དེ་དག་ནི་ཞུ་རྩ་༤་༣་ཨ་རི་དང་རྒྱ་ནག་སྲིད་འཛིན་ཐུག་འཕྲད་སྐོར་སྙན་གསེང་མ་ཞུས་པ་སོགས་ཀྱི་སྐོར་དང་། ཞུ་རྩ་༤་༦་ཨ་རི་གྲོས་ཚོགས་ཀྱི་ཆེས་མཐོའི་མི་སྣར་ཐུགས་འཕྲད་ཀྱི་དུས་ཚོད་བཟོ་མ་ཐུབ་པའི་སྐོར། ཞུ་རྩ་༤་༧ ཨ་རིའི་རོགས་དངུལ་སོན་ཐབས་ཐོག་འབད་བརྩོན་མ་ཞུས་པའི་སྐོར། ཞུ་རྩ་༤་༨་དངུལ་ཁང་རྩིས་མགོ་སྒོ་རྒྱག་སྐོར། ཞུ་རྩ་༤་༡༠་བཀའ་བློན་འོས་མི་བེུད་ཅིག་ལ་ངན་བསླབ་བྱས་པ་སོགས་ཀྱི་སྐོར་བཅས་ནི་རྩོད་ལེན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བརྒྱུད་བཀའ་ཤག་གིས་བསམ་བཏང་དྲན་སྐྱེས་ཀྱིས་ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ལ་མ་ཉེས་ཁག་གཡོགས་བྱས་པ་ཞིག་ཡིན་ཞེས་པར་ཞུ་སྦྱོར་བས་ཁུངས་སྐྱེལ་བྱ་རྒྱུ་དང་། ཡང་དོན་ཚན་གཞན་ཞིག་ནི་ཁུངས་སྐྱེལ་སྤོ་བཞུགས་པ་ཡིན་པ་སོགས་དང་། དོན་ཚན་གཞན་གསུམ་བདག་སྤྲོད་གནང་མེད་པའི་སྐོར་གསུངས་པ་དང་སྦྲགས། གནད་དོན་གསལ་བཟོའི་སྐབས་རྩོད་ལན་པས་བཀའ་ཤག་གིས་དོན་ཚན་བཅུའི་ནང་ནས་ཀུན་དགའ་བཀྲིས་ནིའུ་ཡོག་ཏུ་བསྐོ་འཆར་དང་འབྲེལ་བའི་ཐད་ཞུ་ལན་ནང་གང་འཁོད་པ་དེ་ཡིན་པ་ཞུས་པ་ལས་གསལ་བཟོ་གནང་ཐུབ་མེད་པར་སོང་གནད་དོན་ཆགས་མེད་ཀྱང་དཔྱད་ཁྲའི་ནང་འཁོད་རྒྱུ་ཡིན་པ་གསུངས་གནང་སོང་།
ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཞིབ་དཔྱོད་སྐབས་གྱོད་ཡ་ཞུ་སྦྱོར་བ་སྤེན་ཚེ་རིང་དང་། རྩོད་ལེན་པ་སྲིད་སྐྱོང་གཉིས་ནས་གནད་དོན་གཏན་འབེབས་ཟིན་པ་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་ཀྱི་ནང་འཁོད་ལྟར་ཁུངས་སྐྱེལ་དང་རྩོད་པ་རྒྱག་པ་ལས་གཞན་འབྲེལ་མེད་ཐོག་གླེང་སློང་མི་ཆོག་པ་དང་། ཞིབ་དཔྱོད་ཀྱི་དུས་ཚོད་རྗེས་སུ་གཏེན་འབེབས་གནང་རྒྱུ་ཡིན་པ་གསུངས་པ་ལས། དེ་རིང་ཕྱོགས་གཉིས་ཀྱི་ཁྲིམས་རྩོད་པ་སོ་སོས་བཀའ་མོལ་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎