ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་ཀྱི་གྲོགས་པོ་ཚོགས་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་སྐྱེལ་སྟོན་ཐུགས་རྗེ་ལེགས་འབུལ་ཞུས་འདུག
དེ་ཡང་འདི་ཚེས་༡༨་ཉིན་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་(Arif Virani)་ལགས་ཀྱི་གཙོས་བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་ཚོས་དྲ་ལམ་བརྒྱུད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་ལྷན་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་བའི་ལོ་ངོ་བཅུའི་རིང་བོད་དོན་ཕྱག་ལས་གནང་བ་དང་སྲིད་སྐྱོང་གི་འགན་བཞེས་བར་ཆེ་མཐོང་དང་སྐྱེལ་སྟོན་ཐུགས་རྗེ་ལེགས་འབུལ་ཞུས་གནང་ཡོད་པ་རེད།
སྐབས་དེར་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མིའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་(Arif Varani)་ལགས་ཀྱིས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འདས་བའི་ལོ་ངོ་བཅུ་ཡི་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཆེད་དུ་སྐུ་ལས་སྐྱོན་གནང་བར་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་པ་དང་། དམིགས་བསལ་དབུས་བོད་མིའི་སྒྲིག་འཛུགས་དང་ཁེ་ཎ་ཌ་གཞུང་གི་གྲོས་ཚོགས་འཐུས་མིའི་བར་འབྲེལ་བ་དམ་ཟབ་བྱུང་བ་སོགས་ལ་བརྟེན་ཁོང་དང་བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་རིམ་འདི་གོ་སྒྲིག་བྱས་བ་ཡིན་པ་གཏམ་བཤད་གནང་བ་དང་འབྲེལ་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པར་འཚམས་འདྲི་ཡོད་པ་གསུངས་ཡོད་པ་རེད།
ཁེ་ཎ་ཌའི་ནང་གྲོས་ཚོགས་ཀྱི་འཐུས་མི་རྣམས་བརྒྱུད་ནས་བོད་དོན་ཉན་ཞིབ་དང་། བོད་དོན་རྒྱབ་སྐྱོར་། རོགས་དངུལ། དེ་བཞིན་ས་གནས་སུ་བོད་རིགས་འགོ་ཁྲིད་གསོ་སྐྱོང་གནང་བ་སོགས་ཀྱི་རོགས་རམ་ཐོབ་བཞིན་པ་རེད།