འབར་མའི་ལྕམ་ཨན་སན་སུ་ཅིར་ཁེ་ན་ཌའི་ཆེ་ཐོངས་ཕྱག་འཁྱེར།
ཁེ་ན་ཌའི་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་ཐོངས་ཕྱག་ཁྱེར་སོགས་བཞེས་རྒྱུར་མགྲོན་འབོད་གནང་བ།
-
2010-12-28 -
-
-
༄༅༎ཁེ་ན་ཌའི་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་ཐོངས་ཕྱག་ཁྱེར་སོགས་བཞེས་རྒྱུར་མགྲོན་འབོད་གནང་ཡོད་པ་རེད་ ཁེ་ན་ཌའི་སྲིད་བློན་སི་ཀྲི་ཕེན་ཧའར་པར་མཆོག་གིས་ཕུལ་བའི་གཞུང་འབྲེལ་མགྲོན་འབོད་དེའི་ནང་ད་ལྟའི་འཆར་ལྕམ་ཨང་སན་སུ་ཅི་མཆོག་གིས་འབར་མའི་ནང་གི་གལ་ཆེའི་མཛད་འཕྲིན་གནང་བཞིན་པའི་ཐོག་ལ་ཐུགས་སྣང་གཙོ་དོན་གནང་དགོས་ཆགས་ཡོད་ནའང་ མ་འོངས་པར་དུས་ཚོད་འོས་འཚམས་ཤིག་གི་སྐབས་སུ་ཁེ་ན་ཌར་ཕེབས་རྒྱུའི་ཐུགས་རེ་གནང་ཡོད་པ་རེད་
སྲིད་བློན་ཧའར་པར་མཆོག་གིས་སྩལ་བའི་མགྲོན་ཤོག་ནང་ཁེ་ན་ཌའི་གཞུང་དང་མི་མང་གིས་ལྕམ་ཨང་སན་སུ་ཅི་ལྷན་དུ་འབར་མའི་ནང་ དམངས་གཙོའི་ལས་འགུལ་སྤེལ་རྒྱུར་གདུང་སེམས་མཉམ་སྐྱེད་དང་ འཕྱར་གྲུ་མཉམ་འདེགས་ཞུ་རྒྱུར་དགའ་བ་དང་སྤོབས་པ་ཡོད་ཅེས་ཀྱང་ བཀོད་ཡོད་པ་རེད་ ཁེ་ན་ཌའི་གཞུང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་ཐོངས་དང་ཕྱག་ཁྱེར་འབུལ་བཞེས་མཛད་པ་ནང་བཞིན་ཁེ་ན་ཌའི་གཞུང་གིས་ཕྱི་ལོ་༢༠༠༧ལོར་འབར་མའི་དམངས་གཙོའི་སྒྲོན་མེ་ལྕམ་ཨང་སན་སུ་ཅི་མཆོག་ལའང་ཁེ་ན་ཌའི་མི་སེར་གྱི་ཆེ་ཐོངས་འབུལ་རྒྱུའི་ཐག་གཅོད་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད་