བོད་པའི་ཤེས་ཡོན་གོང་སྤེལ་ཆེད་སྒོར་མོ་ས་ཡ་ལྔ་དང་འབུམ་བཞི་གནང་རྒྱུ།
2018.11.19
ཁེ་ན་ཌ་གཞུང་གི་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་གིས་རྒྱ་གར་དང་། བལ་ཡུལ་ནང་གི་བོད་པའི་ཤེས་ཡོན་གོང་སྤེལ་ཆེད་ཁེ་ན་ཌའི་སྒོར་མོ་ས་ཡ་ལྔ་དང་འབུམ་བཞི་གནང་རྒྱུའི་གསལ་བསྒྲགས་བྱས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌའི་ཊོ་རན་ཊོ་ས་གནས་སུ་ཕེབས་སྐབས། གྲོས་ཚོཊ་འཐུས་མི་ཨ་རེ་ཝེ་ར་ནིས་ལགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨན་ཊེ་རེའོ་བོད་རིཊ་སྤྱི་མཐུན་ཚོཊ་པའི་ཚོགས་གཙོ་བསོད་ནམ་ ནམ་མཁའ་ལགས། ཁེ་ན་ཌ་བོད་པའི་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་སོཊ་གནད་ཡོད་མི་སྣ་ཁག་ཅིག་ལྷན་འཛོམ་གནང་བའི་ཐོག་ཁེ་ན་ཌ་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་གིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་བུད་མེད་ཚོའི་ཤེས་ཡོན་ཆེད་ཁེ་ན་ཌའི་སྒོར་ས་ཡ་ལྔ་དང་འབུམ་བཞི་གནང་རྒྱུ་ཡིོན་པ་སྐུ་ཞབས་ཨ་རེ་ཝེ་ར་ནིས་ལགས་ཀྱིས་ཁེ་ན་ཌ་གཞུང་གིས་ཚབ་བྱས་ཏེ་གསལ་བསྒྲགས་གནང་འདུག
བོད་པ་གཞོན་སྐྱེས་ཚོའི་སློབ་ཡོན་ཆེད་དུ་དམིཊ་པའི་ལས་གཞི་འདི་ནི་སྐུ་ཞབས་ཝེ་ར་ནིས་ལགས་དང་ཁོང་གི་ཕྱག་རོཊ་རྣམས་ནས་མཉམ་ལས་གནང་བ་བརྒྱུད་ཁེ་ན་ཌ་གཞུང་ནས་ཆོག་མཆན་ཐོབ་པ་ཞིག་ཡིན་ཞིང་། ལོ་ལྔའི་རིང་གི་ལས་འཆར་འདིའི་ཐོག་དབུས་བོད་མིའི་སྒྲིག་འཛུཊ་དང་ཁེ་ན་ཌ་གཞུང་གི་འབྲེལ་ཡོད་ཚན་པས་གཟིཊ་རྟོགས་གནང་རྒྱུ་ཡིན་པའི་སྐོར་ཁོང་གིས་མུ་མཐུད་དུ་གསུངས་འདུག
གསར་འགོད་པ་རྡོ་རྗེ་མཚོ།