རྒྱ་ནག་གི་བཟོ་གྲྭ་ཞིག་ལ་མེ་རྒྱབ་ནས་ངོ་རྒོལ་བྱས་བའི་ཁྲོད་མི་གྲངས་༧༠ཙམ་གྱི་ཚེ་སྲོག་ཤོར།

2021.03.15
རྒྱ་ནག་གི་བཟོ་གྲྭ་ཞིག་ལ་མེ་རྒྱབ་ནས་ངོ་རྒོལ་བྱས་བའི་ཁྲོད་མི་གྲངས་༧༠ཙམ་གྱི་ཚེ་སྲོག་ཤོར། འབར་མའམ་མ་ཡན་མར་ནང་རྒྱ་ནག་གི་བཟོ་གྲྭ་ཞིག་ལ་མེ་རྒྱབ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མི་གྲངས་བདུན་བཅུ་ཙམ་གྱི་ཚེ་སྲོག་ཤོར་སྐབས། ༣།༡༤།༢༡
AFP

འབར་མའམ་མ་ཡན་མར་ནང་རྒྱ་ནག་གི་བཟོ་གྲྭ་ཞིག་ལ་མེ་རྒྱབ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མི་གྲངས་བདུན་བཅུ་ཙམ་བསད་ཡོད་འདུག
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་། རིའུ་ཀྲར་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་ལྟར་ན། འདི་ཚེས་༡༤གཟའ་ཉི་མའི་ཉིན། འབར་མའམ་མ་ཡན་མར་གྱི་རྒྱལ་ས་རྙིང་པ་ཡན་གུན་མངའ་ཁུལ་གྱི་(Hlaingthaya)ཞེས་པའི་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གི་མཐུན་འགྱུར་རོགས་རམ་འོག་བཙུགས་པའི་བཟོ་གྲྭ་ཞིག་མེར་བསྲེགས་བཏང་ནས་ངོ་རྒོལ་བྱས་བའི་རྐྱེན་གྱིས་ཉེན་རྟོག་པས་མེ་མདའ་རྒྱབ་པ་དང་དྲག་གནོན་བྱས་ནས་མི་གྲངས་༥༡ཙམ་བསད་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་དེའི་ས་གནས་གཞན་ཁག་ཅིག་ནང་མི་གྲངས་༡༢ཙམ་བསད་པ་མ་ཟད། འགའ་ཤས་ད་དུང་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་དང་དེ་ནི་འདས་པའི་ཟླ་བ་གཅིག་ལྷག་ཙམ་ནང་ངོ་རྒོལ་ཁྲོད་ཚེ་སྲོག་ཤོར་བའི་གྲངས་ཚད་མང་ཤོས་ཆགས་ཀྱི་ཡོད་འདུག འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་ཡན་མར་སྡེ་ཚན་གྱི་གསར་འགོད་པས་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་། གཟའ་ཉི་མའི་དོན་རྐྱེན་དེའི་སྐབས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་དང་ཕྱོགས་མཚུངས་རིའུ་ཀྲར་གསར་ལས་ཁང་ནས་ཤེས་རྟོག་བྱུང་བར་གཞིགས་ན། སྐབས་དེར་ཉེན་རྟོག་མི་སྣ་ཞིག་ཀྱང་ཚེ་སྲོག་ཤོར་ཡོད་པ་བཅས་ལ་བརྟེན་དྲག་པོའི་གཞུང་ནས་གོང་ཞུས་ས་ཁུལ་ཁག་ལ་ཛ་དྲག་གི་ཁྲིམས་གཞི་གསལ་བསྒྲགས་བྱས་ཡོད་འདུག
ལོ་འདིའི་ཕྱི་ཟླ་གཉིས་པའི་ཚེས་༡ཉིན་དམག་ཤོག་དྲག་པོའི་སྲིད་གཞུང་ནས་མང་གཙོའི་ལམ་ལུགས་ལྡན་པའི་གཞུང་མགོ་རྟིང་སློག་ཏེ་དྲག་པོའི་གཞུང་འཛིན་བཞིན་ཡོད་པ་མ་ཟད། མང་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སཱུ་ཆི་(Aung San Suu Kyi)གཙོས་མང་གཙོ་དོན་གཉེར་བ་མང་དག་ཞིག་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།
ད་ཆ་མ་ཡན་མར་ནང་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་དང་འབྲེལ་མང་ཚོགས་ནང་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་ཕྱིན་ནས་བཟོ་ཚོང་ལས་ཁང་ཁག་མེར་བསྲེགས་བཏང་བ་དང་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎