༧གོང་ས་མཆོག་ནས་འབར་མའི་དོན་རྐྱེན་ལ་ཐུགས་འཚབ།

༧གོང་ས་མཆོག་གིས་བར་ལམ་འབར་མའི་ནང་ནང་པ་དང་ཁ་ཆེའི་མི་རིགས་དབར་འཁྲུགས་རྩོད་ཀྱི་དོན་རྐྱེན་བྱུང་བ་དེར་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པའི་གསུང་འཕྲིན་ཞིག་བསྕལ་གནང་ཡོད་པ་རེད།

2012.11.02

༄༅།    །ཁ་སང་ཚེས་༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་གནས་ཐོག་གསུང་འཕྲིན་ཞིག་སྤེལ་བའི་བརྒྱུད། དེ་སྔ་ཤྲི་རི་ལང་ཀ་དང་ཏ་མིལ་མི་རིགས་གཉིས་དབར་འཁོན་འཁྲུགས་བྱུང་བའི་སྐབས་ཤྲི་རི་ལང་ཀའི་སྲིད་གཞུང་ལ་དཀའ་ངལ་དེ་ནི།    ཚུལ་མཐུན་བཟང་སྤྱོད་དང་ལྡན་པའི་ཐོག་ནས་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པས་མ་ཟད། ཉེ་ཆར་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Anng Sun Suu Kyi མཆོག་ལ་འབར་མའི་ནང་གི་ནང་པ་དང་ཁ་ཆེའི་དབར་གྱི་འཁྲུགས་རྩོད་ཀྱི་དཀའ་ངལ་ཞི་འཇམ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཐེངས་གཉིས་ཕུལ་ཡོད་པ་དང༌། ཕྱག་བྲིས་ཀྱི་ནང་དོན་ནི། འབར་མའི་Rakhine ཞིང་ཆེན་ནང་དུ་གནས་སྡོད་བྱེད་མཁན་Rohingya ཁ་ཆེའི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་ཡོང་བར་ལྕམ་Aung Sun Suu Kyi མཆོག་ནས་གང་ཐུབ་ཀྱི་ནུས་པ་འདོན་སྤེལ་གནང་དགོས་པའི་རེ་སྐུལ་གནང་བའི་སྐོར་དང༌། ཡང་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་Jamia Millia Islamia ཞེས་པའི་ཁ་ཆེའི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་དང་ལས་བྱེད་པ་ཁག་ཅིག་ཆེད་དུ་བཞུགས་སྒར་དུ་༧གོང་ས་མཆོག་མཇལ་བར་བཅར་ཏེ། འབར་མའི་ནང་གི་འཁྲུགས་རྩོད་ཞི་འཇམ་ཡོང་ཐབས་ཀྱི་བཀའ་སློབ་བསྕལ་གནང་ཡོང་བའི་གསོལ་འདེབས་ཞུས་པས་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་འབར་མའི་ནང་ཆིབས་བསྒྱུར་སྐྱོང་གནང་མཛད་དེ། འབར་མའི་ནང་གི་དཀའ་ངལ་ཞི་འཇམ་ཡོང་ཐབས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཀྱང་ཞུས་ཡོད་པ་དང༌།  སྐབས་དེར་༧གོང་ས་མཆོག་ནས། གལ་ཏེ་གོ་སྐབས་བྱུང་བ་དང་ཕན་ཐོགས་བྱེད་ཐུབ་ན་འཛམ་གླིང་དེའི་ནང་དཀའ་ངལ་ཅན་གྱི་ས་ཁུལ་ཚང་མའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་དགོངས་གཞི་ཡོད། ད་བར་རྒྱལ་ཁབ་མང་པོའི་ཤེས་ཡོན་ལྟི་གནས་ཁང་དང༌། ཚོགས་པ་མང་པོས་གསོལ་འདེབ་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱང་དང་སྐྱོང་མུས་ཡིན་ཡང་འབར་མ་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཤས་ནང་ཆབ་སྲིད་ཀྱི་གནས་སྟངས་དམ་བསྒྲགས་ལ་བརྟེན་ནས་ཆིབས་བསྒྱུར་བསྐྱང་ཐབས་བྲལ་བ་དེ་ནི་བློ་ཕམ་གྱི་རང་བཞིན་ཡིན་ཞིང༌། འོན་ཀྱང་གནས་སྟངས་དེ་དག་ལ་ལྟོས་མིན་གྱིས་གོ་སྐབས་ནམ་བྱུང་མཚམས་ལ་འབར་མའི་ནང་གི་དཀའ་ངལ་སེལ་ཐབས་ལ་ཕན་པའི་གསུང་འཕྲིན་མུ་མཐུད་བསྕལ་རྒྱུ་དགོངས་གཞི་ཡོད་པའི་བཀའ་ལན་བསྕལ་གནང་ཡོད་པའི་སྐོར་བཀོད་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎