རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་ཕྱི་རྒྱལ་བའི་རེ་འདོད་ལྟར་གཞུང་ཆེན་གྱི་འགྲེལ་པ་བརྩམས་རྒྱུར་འབད་དགོས་སྐོར་དགའ་ལྡན་ཁྲི་རིན་པོ་ཆེས་གསུངས་པ།

2022.07.07
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་ཕྱི་རྒྱལ་བའི་རེ་འདོད་ལྟར་གཞུང་ཆེན་གྱི་འགྲེལ་པ་བརྩམས་རྒྱུར་འབད་དགོས་སྐོར་དགའ་ལྡན་ཁྲི་རིན་པོ་ཆེས་གསུངས་པ། འདི་ཚེས་ ༧ ཉིན་བཞུགས་སྒར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་པའི་རི་བོ་དགེ་ལུགས་པའི་བསྟན་བདག་བླ་ཆེན་རྣམ་པ་ཚང་འཛོམས་གནང་བ།།
Photo: RFA

འདི་ཚེས་ ༧ ཉིན་བཞུགས་སྒར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་པའི་རི་བོ་དགེ་ལུགས་པའི་བསྟན་བདག་བླ་ཆེན་རྣམ་པ་ཚང་འཛོམས་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས། ཐོག་མར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འདི་ཉིད་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུ་འཛུགས་གནང་བ་ནས་བཟུང་རིམ་པས་ཡར་རྒྱས་ཕྱིན་ཏེ་གདན་ས་གསུམ་གྱིས་གཙོས་པའི་རྒྱུད་གྲྭ་སྟོད་སྨད་གཉིས་དང་། དེ་བཞིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་སོགས་ཀྱི་ནང་སློབ་གཉེར་གནང་ཕྱོགས་ཐད་ཐུགས་འཁུར་ཆེ་བཞེས་ཀྱིས་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། མ་འོངས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་ཕྱི་རྒྱལ་བ་ཚོས་རེ་འདོད་ལྟར་གཞུང་ཆེན་གྱི་འགྲེལ་པ་བརྩམས་རྒྱུར་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དགའ་ལྡན་ཁྲི་རིན་པོ་ཆེས་བཀའ་གནང་སོང་།

ཡང་མཛད་སྒོའི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་པའི་སློབ་གཉེར་ཁང་འདི་ཉིད་དང་འབྲེལ་བའི་མ་འོངས་པའི་ལས་དོན་ཚགས་ཚུད་ཡོང་ཆེད་དགོངས་འཆར་མང་དག་ཅིག་གནང་བའི་ཁྲོད་གཙོ་བོ་ནི་སློབ་གཉེར་ཁང་ཞིག་གི་ཡན་ལག་ལྟ་བུ་ནི་ཤེས་ཡོན་ལྷན་ཚོགས་དེ་ཆགས་ཀྱི་ཡོད་པ་དང་། དེའི་འོས་འགན་གཙོ་བོ་ནི་སློབ་ཚན་གཏན་འབེབས་གནང་རྒྱུ་དང་། དེ་བཞིན་རིགས་གཅིག་རྐང་འཛིན་གྱི་ཚད་འཛིན་གཏན་འབེབས་གནང་རྒྱུའི་འོས་འགན་མང་དུ་ཡོད་སྟབས། ད་ལྟའི་ནང་པའི་སློབ་གཉེར་ཁང་འདིའི་ཤེས་ཡོན་ལྷན་ཚོགས་ནི་ལམ་སྟོན་ལྷན་ཚོགས་ལྟ་བུ་ཞིག་འདུག་པས། མ་འོངས་དེའི་ཐད་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ནང་པའི་སློབ་གཉེར་ཁང་འདིར་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་ནི། ཤེས་ཡོན་དང་འཛིན་སྐྱོང་གཉིས་ཡིན་ཞིང་། ཤེས་ཡོན་ཐོག་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། དེང་གི་ཤེས་ཡོན་གོང་མཐོར་ཡོང་བའི་ཆེད་ཡིན་འདུག་ཅིང་། འཛིན་སྐྱོང་གི་སྒྲོམ་གཞིའི་ནང་དགོན་སྡེ་ཁག་གི་དཔལ་འབྱོར་གྱི་ལས་དོན་ཚགས་ཚུད་ཡོད་བཞིན་དུ་མུ་མཐུད་དེའི་ཐད་འབད་རྒྱུ་དེ་ཡིན་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ནང་པའི་སློབ་གཉེར་ཁང་འདི་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་དབུ་བརྙེས་པ་ཞིག་རེད་འདུག འོན་ཀྱང་བོད་ལུགས་ཀྱི་མཛད་སྒོའི་འགྲོ་སྲོལ་ལྟར་དེ་རིང་དངོས་སུ་དབུ་བརྙེས་པའི་མཛད་སྒོ་འདི་འཚོགས་ཡིན་པ་དང་གདན་ས་ཁག་གི་སློབ་གཉེར་ཁང་ནི་རྒྱ་གར་གཞུང་གིས་ངོས་འཛིན་གནང་གི་མེད་པས། ཐོག་མར་ནང་པའི་སློབ་གཉེར་ཁང་འདི་ཉིད་གསར་བཙུགས་གནང་ནས་རིམ་པས་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་སློབ་གཉེར་ཁང་ཞིག་ཡོང་ཆེད་ཡིན་པ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

དེ་རིང་ནང་པའི་སློབ་གཉེར་ཁང་འདི་ཉིད་དབུ་བརྙེས་པའི་མཛད་སྒོོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་ལགས་ནས་འབྱུང་འགྱུར་ནང་པའི་སློབ་གཉེར་ཁང་འདི་ཉིད་དང་འབྲེལ་བའི་མཐུན་འགྱུར་དང་རོགས་རམ་ཇི་དགོས་ཤེས་རིག་ལས་ཁུངས་ནས་གནང་རྒྱུ་ཡིན་པའི་མཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་སོང་།

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎