ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་མུ་མཐུད་བཙོན་ཁང་ནང་ཡོད་པ།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གྱི་སྐུ་ཟླའི་གཅེན་པོས་དཔལ་འབྱོར་གྱི་རྟགས་མ་བཞག་སྟེ་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་པ།

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གྱི་སྐུ་ཟླའི་གཅེན་པོས་དཔལ་འབྱོར་ལྐོག་ཟ་བྱས་པའི་ནག་ཉེས་ཞིབ་འཇུག་ཆེད་དུ་དོ་དམ་བྱས་པའི་རྗེས་ཁོང་གིས་བཙོན་ཁང་དུ་དཔལ་འབྱོར་གྱི་རྟགས་མ་བཞག་སྟེ་འཕྲལ་སེལ་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་ཀྱང་ཁྲེན་ཧྲུའེ་པེན་མུ་མཐུད་བཙོན་ཁང་དུ་དོ་དམ་འོག་ཡོད་པ་རེད།

ལྦུའུ་ཁྲིང་མའོ་ནི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གྱི་སྐུ་ཟླའི་གཅེན་པོ་ཡིན་ཞིང་བར་ལམ་ཐའེ་ལྦན་གོ་མིང་ཏང་གི་སྲིད་གཞུང་གིས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གྱི་ནང་མིར་དཔལ་འབྱོར་ལྐོག་ཟ་བྱས་པ་ནག་ཉེས་བཙུགས་པ་མ་ཟད་དཔལ་འབྱོར་ལྐོག་ཟ་བྱེད་རྒྱུར་ལྦུའུ་ཁྲིད་མའོ་ཡིས་དངུལ་འཛིན་རྫུན་མ་བཟོ་རོགས་བྱས་པའི་ནག་ཉེས་འོག་ཁ་སྔོན་ཕྱི་ཟལ་བཅུ་པའི་ནང་དོ་དམ་བཀག་ཉར་བྱས་ཡོད་ཅིང་ཡིན་ནའང་ཐའེ་ལྦན་ཁྲིམས་ཁང་གི་དཔོན་རིགས་ཤིག་གིས་གསུངས་ན་ལྦུའུ་ཁྲིང་མའོ་ལ་གྱོད་དོན་དེའི་ཐད་ཡང་སེ་འདྲི་རྩད་བྱས་པའི་རྗེས་ཁྲིམས་རྩོད་པ་ཚོས་མུ་མཐུད་དོ་དམ་འོག་རྒྱུན་རིང་འཇོག་དགོས་པའི་དགོས་དོན་མེད་པ་དགོངས་ཚུལ་བྱུང་བ་བཞིན་ཁོང་གིས་འབྲེལ་ཡོད་དོ་དམ་ལས་ཁང་ལ་ཐའེ་ལྦན་གྱི་དངུལ་ས་ཡ་གཉིས་རྟགས་པ་བཞག་སྟེ་གནས་སྐབས་རིང་གློད་བཀྲོལ་བཏང་བའི་སྐོར་གསུངས་ཡོད་པ་རེད། ད་ལྟའི་ཆར་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲའོ་པེན་དང་ཁོང་གི་སྐུ་ཟླ།ཁོང་གི་བོུའི་མག་པ།ལྦུའུ་ཁྲིང་མའོ་བཅས་ལ་དཔལ་འབྱོར་ལྐོག་ཟ་བྱས་པའི་གྱོད་དོན་ནང་ཐེ་ཇུས་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་སྲིད་འཛིན་ཟུར་པ་ཁྲེན་ཧྲའོ་པེན་མཆོག་ཀྱང་བཙོན་འཇུག་བྱས་པའི་རྗེས་ཁོང་གི་བཙོན་ཁང་དུ་གཟའ་འཁོར་གཉིས་རིང་ཟས་བཅད་ངོ་རྒོལ་གནང་སྟེ་བཞུགས་པའི་རྗེས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་རེས་གཟའ་ཕུར་བུ་ནས་ཞལ་ལག་མཆོད་རྒྱུ་འགོ་བཙུགས་གནང་ཡོད་པ་རེད༎