དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་གཉིས་འབྲུག་ཡུལ་ལ་ཕེབས་རྒྱུ།


2016.04.13
དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་རྣམ་གཉིས་ཀྱིས་འབྲུག་གི་རྒྱལ་པོ་དང་བཙུན་མོར་ཐེངས་དང་པོར་མཇལ་འཕྲད་གནང་སྐབས། ༢༠༡༦།༤།༡༤ དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་རྣམ་གཉིས་ཀྱིས་འབྲུག་གི་རྒྱལ་པོ་དང་བཙུན་མོར་ཐེངས་དང་པོར་མཇལ་འཕྲད་གནང་སྐབས། ༢༠༡༦།༤།༡༤
KJKNW/FB

དེང་སྐབས་དབྱིན་ཇིའི་རྒྱལ་སྲས་William་དང་ཁོང་གི་བཙུན་མོ་Kateརྣམ་གཉིས་ཀྱིས་རྒྱ་གར་ནང་གཟིགས་སྐོར་གངན་བཞིན་པ་དང་། རྒྱ་གར་ནང་གི་གཟིགས་སྐོར་གྲུབ་པའི་རྗེས། ཉིན་གཉིས་རིང་འབྲུག་ཡུལ་དུ་གཟིགས་སྐོར་ཕེབས་ཀྱི་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་དེ་བཞིན་Oxford་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ་དང་། འབྲུག་ནང་གི་དབྱིན་ཇིའི་དང་བླངས་སྐུ་ཚབ་Michael Rutland་ལགས་ཀྱིས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་རེད། འཛམ་གླིང་ནང་གི་མི་འབོར་མང་ཤོས་རྒྱ་གར་དང་རྒྱ་ནག་གི་དབར་ཆགས་པའི་རྒྱལ་ཁབ་ཆུང་ཆུང་འབྲུག་ཡུལ་ནང་། དབྱིན་ཇི་དང་རྒྱ་ནག་ཐེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་སུ་ཞིག་གི་ཀྱང་གཞུང་ཚབ་མེད་པ་རེད།
དབྱིན་ཇིའི་རྒྱལ་སྲས་William་དང་ཁོང་གི་བཙུན་མོ་Kate་རྣམ་གཉིས་ཀྱིས་འབྲུག་གི་རྒྱལ་པོ་དང་བཙུན་མོར་ཐེངས་དང་པོར་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་འབྲུག་རྒྱལ་ལྔ་པ་དེ་ཡིན་པ་དང་། ཁོང་གིས་འབྲུག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་འབྲུག་ཡུལ་དེ་བཞིན་ད་སྐབས་མང་གཙོའི་ལམ་ལུགས་ཕྱོགས་སུ་འགྲོ་བཞིན་པ་རེད། དེ་བཞིན་དབྱིན་ཇིའི་རྒྱལ་སྲས་དང་ཁོང་གི་བཙུན་མོ་རྣམ་གཉིས་ཀྱིས་འབྲུག་ཡུལ་གྱི་ནང་པའི་དགོན་པ་སྟག་ཚང་ཞེས་པའི་ནང་དུའང་ཕེབས་རྒྱུ་ཡིན་འདུག  སྟག་ཚང་དགོན་ནི་མཐོ་ཚད་མི་ཊར་གསུམ་སྟོང་ཙམ་ཀྱི་ས་ལ་ཡོད་པའི་རི་ཁྲོད་དུ་ཆགས་ཡོད་པ་དང་། དགོན་པ་དེར་མོ་ཊའི་འགྲོ་ལམ་མེད་སྟབས་དབྱིན་ཇིའི་རྒྱལ་སྲས་དང་ཁོང་གི་བཙུན་མོ་རྣམ་གཉིས་གོམ་བགྲོས་སྐྱོན་ནས་ཕེབས་རྒྱུ་ཡིན་འདུག
ཕྱི་ལོ་༡༩༩༨་ལོར་དབྱིན་ཇིའི་རྒྱལ་སྲས་William་མཆོག་གི་ཡབ་Prince Charles་མཆོག་སྟག་ཚང་དགོན་པར་ཕེབས་སྐབས་གྱེན་དུ་ཆ་ཚང་འཛེགས་ཐུབ་མེད་པ་རེད།      

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎