དབྱིན་ཇི་ཡོ་རོབ་མཉམ་འབྲེལ་ནས་ཕྱིར་འདོན་རྒྱུའི་མང་མོས་བྱུང་བ།
དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོཊ་ནས་ཕྱིར་འདོན་རྒྱུའི་ཐག་གཅོད་བྱུང་བ་དང་སྲིད་བློན་གྱིས་དགོངས་ཞུ་གསལ་བསྒྲཊ་བྱས་ཡོད་པ།
-
2016-06-24 -
-
-
དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ནས་ཕྱིར་འདོན་རྒྱུའི་ཐག་གཅོད་བྱུང་བ་དང་མཉམ་སྲིད་བློན་གྱིས་དགོངས་ཞུ་གསལ་བསྒྲཊ་བྱས་བ།
དེ་ཡང་དེ་རིང་ཕྱི་ཚེས་༢༣་ཉིན་དབྱིན་ཇི་རྒྱལ་ཁབ་ཀྱི་མི་མང་ཚོས་འོས་ཤོག་འཕངས་བའི་འབྲས་བུར། མི་གྲངས་ཀྱི་གྲངས་འབོར་ནས་བརྒྱ་ཆ་༥༢་ཀྱིས་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ཀྱི་ཁོངས་ནས་ཕྱིར་འདོན་རྒྱུའི་འོས་ཤོག་འཕངས་ཡོད་པ་དང་། འོས་ཤོག་བླུག་མཁན་གྱི་མིའི་གྲངས་འབོར་དབྱིན་ཇིའི་མི་སེར་གྲངས་འབོར་གྱི་བརྒྱ་ཆ་༧༡་ལྷག་ཟིན་ཡོད་ཅིང་། དེ་ནི་ཕྱི་ལོ་༡༩༩༢་ལོ་ནས་བཟུང་དབྱིན་ཡུལ་ནང་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་ནང་མི་མང་འོས་ཤོག་འཕེན་མཁན་མང་ཤོས་ཤིག་ཡིན་འདུག་ཅིང་། འོས་ཤོག་འཕེན་མཁན་མི་གྲངས་ཀྱི་བརྒྱ་ཆ་༥༢་ཙམ་གྱིས་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ཁོངས་ནས་ཕྱིར་འདོན་རྒྱུའི་འོས་ཤོག་བླུག་ཡོད་པ་དང་། མི་གྲངས་ཀྱི་བརྒྱ་ཆ་༤༨་ཀྱིས་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་ཐུན་ཕྱོགས་ཁོངས་སུ་རང་འཇགས་སྡོད་རྒྱུའི་འོས་ཤོག་འཕངས་ཡོད་པས། འོས་ཤོག་བརྒྱ་ཆ་མང་ཉུང་གིས་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ཁོངས་ནས་སྡོད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།
མང་མོས་འོས་ཤོག་གི་གྲངས་འབོར་ཕྱིར་བསྒྲགས་བྱས་མ་ཐག་དབྱིན་ཇིའི་སྲིད་བློན་Divid Cameron་མཆོག་གིས། དབྱིན་ཇིའི་མི་མང་མང་བས་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ཀྱི་སྒྲིག་འཛུགས་ཁོངས་ནས་ཕྱིར་འདོན་རྒྱུའི་འོས་ཤོག་འཕངས་ཡོད་པར་བརྟེན་འོས་ཤོག་གི་མཇུག་འབྲས་ལ་བརྩི་སྲུང་ཞུ་རྒྱུ་གསུངས་བ་དང་འབྲེལ་སྲིད་བློན་མཆོག་ད་ལོ་ཕྱི་ཟླ་བཅུ་པའི་གོང་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་རྒྱུ་ཕྱིར་བསྒྲགས་གནང་འདུག ད་དུང་ཁོང་གིས། དབྱིན་ཇི་མི་དམངས་ཀྱིས་ཐག་གཅོད་བྱས་ཟིན་པས། ངས་ཀྱང་ངེས་པར་དུ་རང་གི་ཐག་གཅོད་བྱེད་དགོས། སྲིད་བློན་གསར་བ་ཞིག་གིས་རྒྱལ་ཁབ་འདི་དབུ་ཁྲིད་དགོས། མ་འོངས་པའི་ཟླ་ཤས་སུ་མི་མཐུད་ནས་གྲུ་གཟེངས་ཆེན་པོ་འདི་བརྟན་བརླིང་ཡོང་ཆེད་འབད་བརྩོན་བྱེད་རྒྱུ་ཡིན། འོན་ཀྱང་། གནས་སྟངས་གསར་བའི་འོག་རང་ཉིད་གྲུ་གཟེངས་འདིའི་དེད་དཔོན་བྱེད་རྒྱུ་འོས་འཚམ་མིན་ཞེས་བརྗོད་འདུག
དབྱིན་ཇིའི་སྤྱི་མང་གི་འོས་བསྡུའི་འབྲས་བུ་ཐོན་མ་ཐག དབྱིན་ཇིའི་སྒོར་མོ་དང་ཨ་རིའི་སྒོར་མོའི་བར་གྱི་འཛའ་ཐང་དེ་༡༩༨༥་ལོ་སྔོན་གྱི་ཚད་ལ་མར་ཆག་ཡོད་པ་རེད།
དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་གཏོགས་ནས་ཕྱིར་འདོན་རྒྱུའི་མང་མོས་འོས་ཤོག་འཕངས་བར་བརྟེན། དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་གཏོགས་ནས་ཕྱིར་འདོན་བྱ་རྒྱུ་དེ་གཏན་འཁེལ་བ་ཞིག་ཡིན་ཞིང་། དེ་ནི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལོ་རྒྱུས་ཐོག་རྒྱལ་ཁབ་སྒྲིག་འཛུགས་དེ་ནས་ཕྱིར་ཐོན་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད་དང་སྟག་ལྷ་རྒྱལ།