རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་དང་ཐག་ཉེར་ཡར་ཐོན་གནམ་གྲུ་འགྲེམས་འཇོག
2020.08.20
རྒྱ་དཀར་ནག་གཉིས་བར་རྩོད་རྙོག་སེལ་མ་ཐུབ་པར་ཡོད་པའི་སྐབས་ཕྱོགས་གཉིས་ཀྱིས་ས་མཚམས་དང་ཐག་ཉེའི་གནམ་ཐང་དུ་ཡར་ཐོན་གནམ་གྲུ་འགྲེམས་འཇོག་བྱས་འདུག
རྒྱ་གར་ལ་དྭགས་ཤར་ཕྱོགས་གྷལ་ཝན་ཡུལ་གཤོངས་སུ་རྒྱ་གར་དང་རྒྱ་ནག་ཕྱོགས་གཉིས་ཀའི་དམག་མིའི་བར་འཁོན་འཛིང་དམར་གསོད་ཀྱི་དོན་རྐྱེན་བྱུང་བ་ནས། ད་དུང་ཡང་རྩོད་རྙོག་སེལ་མ་ཐུབ་པར་དེ་མུར་གནས་ནས་དངངས་འཚབ་ཆེ་བའི་སྐབས་འདིར། ཡུལ་གྲུ་གཉིས་ཀས་ཆེས་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་ཁག་ས་ཁུལ་དེའི་ཉི་འཁྲིས་ཀྱི་གནམ་ཐང་ལ་འགྲེམས་འཇོག་བྱས་ཡོད་འདུག
འདི་ཚེས་༡༧་གཟའ་ཟླ་བའི་ཉིན། རྒྱ་ནག་གཞུང་གིས་དེང་དུས་ཀྱི་(J)་རྟགས་ཅན་༢༠་འཁོད་པའི་(Stealth)་མཁའ་དམག་གནམ་གྲུ་གཉིས་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་གྱི་གྲོང་ཁྱེར་(Hotan་གནམ་དམག་ལྟེ་གནས་ཁང་དུ་འགྲེམས་འཇོག་བྱས་པ་སྲུང་སྐར་འདྲ་པར་ཐོག་མཐོང་རྒྱུ་ཡོད་པ་དང་། གནམ་དམག་ལྟེ་གནས་དེ་ནི་རྒྱ་གར་དང་རྒྱ་ནག་གཉིས་དབར་རྩོད་རྙོག་ཡོད་པའི་ལ་དྭགས་ཁུལ་གྱི་(Aksai Chin)་ཞེས་པའི་མངའ་ཁུལ་ནས་རྒྱང་ཐག་སྤྱི་ལེ་༣༢༠་ལས་མེད་པའི་མཁའ་དམག་ལྟེ་གནས་ཐག་ཉེ་ཤོས་དེ་ཡིན་པ་རེད།
དེ་བཞིན་རྒྱ་གར་གྱི་ངོས་ནས་ཀྱང་(Dassault Rafale)་ཞེས་པའི་མཁའ་དམག་གནམ་གྲུ་ལྔ་བདུན་ཕྲག་སྔོན་མར་ལ་དགས་ཀྱི་ས་མཚམས་ཁུལ་ལ་འགྲེམས་འཇོག་བྱས་ཡོད་པ་དང་། དེང་སྐབས་ཧི་མ་ཅལ་མངའ་སྡེ་རི་བརྒྱུད་ཁུལ་ལ་མཚོན་མོར་(Dassault Rafale)་མཁའ་དམག་གནམ་གྲུ་འཕུར་བསྐྱོད་ཀྱིས་དམག་རྕལ་སྦྱོང་བརྡར་ཡང་བྱེད་མུས་ཡིན་འདུག
རྒྱ་ནག་གི་མི་གཅིག་ལས་སྡོད་ས་མེད་པའི་(J)་རྟགས་ཅན་༢༠་འཁོད་པའི་མཁའ་དམག་གནམ་གྲུས་(radar)་ནས་གཡོལ་ཐུབ་པ་མ་ཟད། མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་འཕུར་བསྐྱོད་ཐུབ་ཀྱི་ཡོད་སྟབས་དེ་ནི་མཁའ་དམག་གནམ་གྲུ་གོང་ན་མེད་པ་ལེགས་ཤོས་དེ་ཡིན་ལུགས་བཤོད་ཀྱི་ཡོད་པ་རེད། མི་གཉིས་སྡོད་ས་ཡོད་པའི་རྒྱ་གར་གྱི་མཁའ་དམག་གནམ་གྲུ་(Rafales)་ཞེས་པ་དེ་ཡང་རྒྱ་ནག་གི་མཁའ་དམག་གནམ་གྲུ་(J)་རྟགས་ཅན་༢༠་འཁོད་པ་དང་གཅིག་མཚུངས་ཀྱི་ནུས་ཤུགས་ཡོད་པ་དང་། གནམ་གཤིས་ཡག་སྡུག་ལ་ཁྱད་པར་མེད་པར་གཏོར་རྒོལ་གཏོང་ཡུལ་སྣེ་མང་ལ་དམིགས་ཚད་འཛིན་ཐུབ་ཀྱི་ཡོད་པ་མ་ཟད། (J)་རྟགས་ཅན་༢༠་འཁོད་པའི་མཁའ་དམག་གནམ་གྲུ་ལས་ཆུང་བ་དང་ལྗིད་ཚད་ཀྱང་ཡང་བ་ཡོད་པ་རེད་འདུག
དེ་བཞིན་རྒྱ་གར་གྱི་ངོས་ནས་ཀྱང་(Dassault Rafale)་ཞེས་པའི་མཁའ་དམག་གནམ་གྲུ་ལྔ་བདུན་ཕྲག་སྔོན་མར་ལ་དགས་ཀྱི་ས་མཚམས་ཁུལ་ལ་འགྲེམས་འཇོག་བྱས་ཡོད་པ་དང་། དེང་སྐབས་ཧི་མ་ཅལ་མངའ་སྡེ་རི་བརྒྱུད་ཁུལ་ལ་མཚོན་མོར་(Dassault Rafale)་མཁའ་དམག་གནམ་གྲུ་འཕུར་བསྐྱོད་ཀྱིས་དམག་རྕལ་སྦྱོང་བརྡར་ཡང་བྱེད་མུས་ཡིན་འདུག
ཉེ་ལམ་སྤྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་གར་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོངས་སུ། རྒྱ་གར་དང་རྒྱ་ནག་གི་ས་སྲུང་དམག་མིའི་དབར་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་གི་གདོང་ཐུག་སྡུག་ཤོས་དེ་བྱུང་བའི་རྗེས་སུ། གྲོས་མོལ་རིམ་པོ་མང་པོ་གནང་ཡང་དོན་འབྲས་མ་སོན་པར་ད་དུང་ཡང་དངངས་འཚབ་ཀྱི་གནས་སྟངས་འོག་ཡོད་མུས་ཡིན་པ་རེད།