ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིས་འཁྲུངས་སྐར་ལ་འཚམས་འདྲི།


2016.07.07
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་རྗེས། ༢༠༡༦།༧།༦ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་རྗེས། ༢༠༡༦།༧།༦
Tenzin Choejor/OHHDL

ཁྱེད་ཀྱི་དགོངས་གཞི་འགྲུབ་པར་ཡོ་རོབ་གྲོས་ཚོཊ་ནང་མུ་མཐུད་དུ་དཀལ་ལས་རྒྱག་རྒྱུའི་དམ་བཅའ་ཡོད་ཅེས་འཁྲུངས་སྐར་འཚམས་འདྲི་གནང་བ།
དེ་ཡང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mann་གྱིས་བརྙན་འཕྲིན་བརྒྱུད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mann་གྱིས་འཚམས་འདྲི་གནང་བའི་ནང༌། ༧གོང་ས་ཏཱ་ལའི་བླ་མ་ཁྱེད་ནི་མི་ཚེའི་ནང་འཕྲད་པའི་གནས་ཚུལ་ཚང་མར་ཞི་བའི་ཐོག་ནས་གཟིགས་མཁན་གྱི་མིག་དཔེ་བལྟ་ཡུལ་ཞིག་ཡིན་པར། ང་ཚོས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནང་ཁྱེད་ཀྱི་དགོངས་གཞི་འགྲུབ་ཐབས་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བྱེད་ཀྱི་ཡིན་ཅེས་གསུངས་ཡོད་པ་རེད།
ཁོང་གིས་འདི་ཚེས་༦་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་གནང་བའི་གསུང་འཕྲིན་དེའི་ནང་མུ་མཐུད། འདས་པའི་མི་ལོ་བཅོ་ལྔའི་རིང་ཡོ་རོབ་གྲོས་ཚོགས་ནང་ཁྱེད་ཀྱི་ལམ་དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་གི་འགོ་འཁྲིད་བྱེད་རྒྱུ་བྱུང་བར་ངོས་ལ་དགའ་སྤོབས་ཆེན་པོ་ཡོད་ལ། དེ་བཞིན་ང་ཚོས་ཡོ་རོབ་གྲོས་ཚོགས་ནང་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གོ་སྐབས་ནམ་བྱུང་སྐབས་གླེང་སློང་ཡང་བྱས་དང་བྱེད་བཞིན་པ་ཡིན་པ་མ་ཟད། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་ངོས་རང་འཛམ་གླིང་རྒྱལ་ཁབ་གཞན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པའི་ལྷན་དུ་རྡ་རམ་ས་ལར་འོས་བསྡུའི་ལས་དོན་ལ་རྟོག་ཞིབ་དང་གང་ཉིད་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང༌། ད་ཆ་༧གོང་ས་མཆོག་དགུང་གྲངས་༨༡་ལ་ཕེབས་པར་ངོས་ནས་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁྱེད་ཀྱི་དགོངས་གཞི་གྲུབ་པར་ངོས་ཚོས་ཀྱང་ཡོ་རོབ་གྲོས་ཚོགས་ནང་མུ་མཐུད་དཀལ་ལས་རྒྱག་རྒྱུའི་དམ་བཅའ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
སྐུ་ཞབས་Thomas Mann་ནི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནང་སྲིད་དོན་གྱི་ཚོགས་པ་ཆེ་ཤོས་ཡིན་པའི་ཡོ་རོབ་མི་མང་གི་ཆབ་སྲིད་ཚོགས་པ་ཟེར་བའི་འཐུས་མི་དང༌། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་རེད།
དེ་ཙ་ན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན། བཞུགས་སྒར་གཙོས་འཛམ་གླིང་གི་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་གང་སར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། གཙོ་བོ་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎