རྒྱ་གར་གྱི་ཧིན་དུའི་ལྷ་ཁང་ནང་གནའ་རྫས་རྙེད་པ།
2011.07.02
༄༅༎རྒྱ་གར་གྱི་ལྷོ་ཕྱོགས་ཁུལ་གྱི་ཧིན་དུའི་ལྷ་ཁང་ཞིག་ནང་ནས་ཨ་སྒོར་ཐེར་འབུམ་ལྔ་བརྒྱ་ལྷག་གནས་པའི་གསེར་དངུལ་གྱི་རྒྱན་ཆ་ལ་སོགས་པའི་གནའ་རྫས་གཟའ་ཕུར་བའི་ཉིན་རྙེད་ཡོད་པ་རྒྱ་གར་གྱི་དཔོན་རིགས་ནས་གསུངས་འདུག
རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་ཁུལ་གྱི་བློན་ཆེན་ཀེ་ཇ་ཡ་ཀུ་མའར་གྱིས་གསུངས་ན། གོང་ཞུས་གསེར་དངུལ་གྱི་དངོས་རྫས་འཕོན་ཆེ་རྙེད་སའི་རྒྱ་གར་གྱི་ལྷ་ཁང་དེ་བཞིན་ལྷིན་དུའི་ལྷ་ཁང་ནང་གི་འབྱོར་ལྡན་ཞིག་ཡིན་པ་དང་། ལྷ་ཁང་དེའི་ས་འོག་ནས་གནའ་རྫས་མང་པོ་ཞིག་རྙེད་པའི་ནང་གསེར་དང་དངུལ་གྱི་རྒྱན་ཆ་སྟོང་ཕྲག་ཁ་ཤས་དང་། དེ་བཞིན་གསེར་ཀྲམ་སོགས་རོབ་རྩིས་བྱས་ན་ཨ་སྒོར་ཐེར་འབུམ་ལྔ་བརྒྱ་ལྷག་ཙམ་གྱི་མ་གནས་ཡོད་པའི་དངོས་པོ་ཐོན་ཡོད་ཅིང་། ས་གནས་བློན་ཆེན་གྱིས་གསུངས་ན། ད་དུང་ཡང་ས་འོག་ཁང་པ་ཁག་ཅིག་སྒོ་ཕྱེ་མེད་པ་དང་། ས་འོག་ཁང་པ་དེར་ལོ་ངོ་བརྒྱ་དང་བཞི་ཅུ་ཙམ་གྱི་ལོ་རྒྱུས་ཡོད་པ་འགྲེལ་བརྗོད་གནང་འདུག་ལ་བློན་ཆེན་ཁང་གིས་ ད་ལྟའི་ཆར་གསེར་དངུལ་གྱི་གནའ་རྫས་དེ་དག་གི་དངོས་ཡོད་མ་དངུལ་རྒྱ་གར་གྱི་གནའ་རྫས་རིག་པའི་ལས་ཁང་གིས་རྟགས་དཔྱད་བྱས་པའི་རྗེས་སུ་གཞི་ནས་ཤེས་རྟོགས་གསལ་པོ་ཡོང་རྒྱུ་ཡིན་ལུགས་གསུངས་འདུག གོང་ཞུས་ཀྱི་ཧིན་དུ་ལྷ་ཁང་དེ་བཞིན་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་དེའ་སྐབས་ཀྱི་རྒྱལ་པོ་ཀྲ་ར་ལྦན་ཀོར་ཡིས་བཞེངས་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༤༧ལོར་རྒྱ་གར་ཨིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྗེས་ གོང་ཞུས་ལྷ་ཁང་དེ་བཞིན་ཀྲ་ར་ལྦན་ཀོར་རྒྱལ་བརྒྱུད་ཀྱིས་བདག་གཉེར་བྱེད་བཞིན་ཡོད་འདུག།