ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་སྐབས་བོད་དོན་ཡོངས་གྲགས་ཐོག་ནས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ།

2023.11.01
ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་སྐབས་བོད་དོན་ཡོངས་གྲགས་ཐོག་ནས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ། ༢༠༢༢།༡༡།༡༤། ཨ་རིའི་སྲིད་འཛིན་འཇཱོ་བྷཡེཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨིན་ཌོ་ནེ་ཤི་ཡའི་ནང་ཐུག་འཕྲད་སྐབས།
ཨེ་ཨེཕ་པི།

ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་སྲིད་འཛིན་བྷཡེཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་པ་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྐབས་འདི་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྲིད་འཛིན་བྷཡེ་ཌན་གྱི་ངོས་ནས་དཔོན་རིགས་གཉིས་ཀྱི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་ཡོངས་གྲགས་ཀྱི་ཐོག་ནས་གླེང་སློང་དགོས་པ་འབོད་སྐུལ་གནང་འདུག ཕྱི་ལོ་ ༢༠༢༠ ཐམ་པའི་ལོར་གཏན་འབེབས་བྱས་པ་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་ཡིག་གི་འབྲུ་དོན་ནང་། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་རྒྱ་ནག་གི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུས་ཏེ་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་བར་ངེས་པར་དུ་སྐུལ་འདེད་དགོས་པ་བཀོད་ཡོད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུངས་འདུག
ཟླ་འདིའི་ཚེས་༡༡་ནས་༡༧་བར་ཨ་རིའི་གྲོང་ཁྱེར་ སན་ཧྥརན་སིསི་ཀོར་སྐོང་ཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ཀྱི་ཆེས་མཐོའི་ཚོགས་འདུའི་ཟུར་དུ་འཇཱོ་སྦཡེ་ཌེན་དང་ཞི་ཅིན་ཕིང་རྣམ་གཉིས་ཐུག་འཕྲད་གནང་རྒྱུའི་མོས་མཐུན་གནང་ཡོད་པར་བརྟེན། གོ་སྐབས་དེ་བཟུང་ནས་བོད་ཀྱི་གནད་དོན་གླེང་སློང་ཡོང་བར་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་ལ་འབོད་སྐུལ་ཞུས་ཀྱི་ཡོད་པ་དང་། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་ བྷིལན་ཀེན་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཀྱི་དབར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་ བྷིལན་ཀེན་གྱིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་ནན་བརྗོད་གནང་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Matthew Miller ལགས་ཀྱིས་གསུངས་འདུག།
གསར་འགོད་པ། བོད་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎