འབྲུག་རྒྱལ་ཁབ་ཀྱི་ཡུལ་ལྗོངས་སྔོ་ལྗང་གི་ཕྱུག་པ།

འབྲུལ་ཡུལ་གྱི་ཡུལ་ལྗོངས་རང་བྱུང་ནཊ་ཚལ་གྱི་ཁྱབ་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཨང་རིམ་དང་པོར་གྱུར་བའི་འབད་བཞིན་པ་རེད།

འབྲུག་གི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧ @Lhuboom

འབྲུལ་ཡུལ་གྱི་ཡུལ་ལྗོངས་རང་བྱུང་ནགས་ཚལ་གྱི་ཁྱབ་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཨང་རིམ་དང་པོར་གྱུར་བའི་འབད་པ་གནང་བཞིན་པ་རེད།
དེ་ཡང་ཚེས་༡ཉིན་Ecologist་འམ་སྣོད་བཅུད་རྟེན་འབྲེལ་དཔྱད་ཞིབ་དུས་དེབ་ཀྱི་ནང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་འབྲུལ་ཡུལ་དེ་བཞིན་འཛམ་གླིང་ཐོག་སྔོ་ལྗང་ལྡན་པའི་རྒྱལ་ཁབ་ཨང་རིམ་དང་པོའི་ཁ་ཕྱོགས་སུ་སླེབས་ཡོད་པའི་སྐོར་གྱི་རྩོམ་ཡིག་སྤེལ་ཡོད་པ་དང་། གོང་གསལ་དུས་དེབ་དེའི་ནང་པར་རིས་གསར་འགོད་པ་Micheal Buckleyཞུ་བས། འབྲུག་ཡུལ་གྱི་རང་བྱུང་ཁོར་ཡུག་ནང་སྣོད་བཅུད་སྣ་ཚོགས་པ་དང་། རྩི་ཤིང་ཆ་སྙོམས་ལྡན་པར་གནས་པའི་གནས་སྟངས་ཀྱི་བྱུང་རིམ་དང་། དེའི་རྒྱབ་ལྗོངས་སྐོར་རྩོམ་བྲིས་སྤེལ་ནས། འབྲུག་དེ་བཞིན་འཛམ་གླིང་ཐོག་སོ་ནམ་པའི་ཐོན་སྐྱེད་དང་བྱ་གཞག་ཚང་མའི་ནང་རྫས་ལུད་གཅིག་ཀྱང་བེད་སྤྱོད་མི་བྱེད་པའི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་ཡོད་པ་མ་ཟད། འབྲུག་ཡུལ་ནང་ཕྱིའི་རྒྱལ་ཁབ་ཀྱི་སྟབས་བདེའི་ཞལ་ལག་བཟོ་ཚོང་ཁེ་ལས་McDolands་ཟ་ཁང་དང་། KFC་བྱ་ཤའི་ཟ་ཁང་། དེ་བཞིན་Starbucks་འཚིག་ཇའི་ཟ་ཁང་ལ་སོགས་པ་གཅིག་ཀྱང་མཐོང་རྒྱུ་མེད་པའི་རྒྱལ་ཁབ་ཁོ་ན་དེ་ཡིན་པ་གསལ་འདོན་གནང་འདུག
རྩོམ་བྲིས་པ་Micheal Buckley་ཡིས་གསུངས་ན། འབྲུག་གི་ཁྱིམ་མཚེས་རྒྱལ་ཁབ་བོད་ལྟ་བུའི་ནང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་གནས་པའི་བོད་ཀྱི་འབྲོག་པའི་སྲོལ་རྒྱུན་ལ་རྒྱ་ནག་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཞིང་འབྲོག་ས་ཁུལ་གྱི་བོད་མི་གྲོང་ཁྱེར་དུ་བཙན་ཤེད་ཀྱི་གནས་སྤོའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་རེད། འབྲུག་རྒྱལ་ཁབ་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལྟ་བུ་མ་ཡིན་པར་དེ་ལས་ལྡོག་སྟེ་འབྲོག་པ་དང་ས་མ་འབྲོག་གི་ལམ་ལུགས་སྲུང་སྐྱོབ་བྱེད་བཞིན་པ་དང་། དཔེར་ན། འབྲུག་ཤར་ཕྱོགས་སུ་གནས་པའི་ས་མ་འབྲོག་རྣམས་ས་ཁུལ་ནང་གི་སག་སྟེང་Saktengརི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྤྱི་གླིང་ནས་ཕྱིར་འབུད་གཏོང་རྒྱུའི་ཚབ་ས་མ་འབྲོག་རྣམས་དེ་མུར་མུ་མཐུད་གནས་བཞིན་པ་དང་། དེ་བཞིན་འབྲུག་བྱང་ནུབ་ཏུ་ཆགས་པའི་འཇིགས་མེད་རྡོ་རྗེ་དྲན་རྟེན་རྒྱལ་ཡོངས་སྤྱི་གླིང་ནང་དུ། སྒོ་ཕྱུགས་གསོ་སྐྱོང་འཚོ་ཐབས་བྱེད་པའི་འབྲོག་པ་རྣམས་རང་སར་གནས་ཡོད་པ་འགྲེལ་བརྗོད་གནང་འདུག
འབྲུག་གི་བྱང་ཕྱོགས་བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་རྒྱ་ཁྱོན་བཞི་ཆ་གསུམ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་སྤྱི་གླིང་དུ་འགྱུར་ཡོད་པ་བརྗོད་ཀྱི་ཡོད་རུང་། དོན་དངོས་སུ་དེ་དག་ནི་ཡིག་ཐོག་ཏུ་གཏན་འབེབས་བྱས་སྟེ་ཆུ་རག་འཛུགས་བསྐྲུན་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁོ་ནར་དམིགས་པ་ཞིག་ལས་དངོས་ཡོད་ཀྱི་གནས་སྟངས་དང་མཚུངས་ཀྱི་མེད་པ་གསལ་འདོན་གནང་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org