གོ་ལ་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ་རྒྱ་ནག་ལ་འགན་འཁྲི་ཡོད།


2015.11.03
རྒྱ་ནག་གི་སྲིད་བློན་ལིའི་ཁ་ཆང་(Li Keqiang)༢༠༡༥།༩།༩ རྒྱ་ནག་གི་སྲིད་བློན་ལིའི་ཁ་ཆང་(Li Keqiang)༢༠༡༥།༩།༩
XINHUA

རྒྱ་ནག་གི་སྲིད་བློན་གྱིས་མི་ཆོས་རིང་ལུགས་ཀྱི་བསམ་པའི་ཐོག་ནས་གོ་ལ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་རྒྱ་ནག་ལ་འགན་འཁྲི་ཡོད་ལུགས་བརྗོད་འདུག
དེ་ཡང་རྒྱ་ནག་གི་སྲིད་བློན་ལིའི་ཁ་ཆང་(Li Keqiang)གིས་དེ་རིང་ཕྱི་ཚེས་༣ཉིན་ཕ་རན་སིའི་སྲིད་འཛིན་Francois Hollandeདང་མཇལ་འཕྲད་གནང་བའི་སྐབས། རྒྱ་ནག་དེ་བཞིན་ཨེ་ཤེ་ཡའི་སྟོབས་ཆེན་ཡུལ་གྲུ་ཞིག་གི་ངོས་ནས་ཁོར་ཡུག་གཙང་སེལ་བཟོ་རྒྱུ་དེ་ལས་འགན་ཞིག་ཡིན་ལུགས་དང་། དེ་ཡང་མི་ཆོས་རིང་ལུགས་ཀྱི་བསམ་པའི་ཐོག་ནས་གོ་ལ་སྔོ་ལྗང་ཅན་དུ་བསྒྱུར་རྒྱུར་རྒྱ་ནག་ལ་འགན་འཁྲི་ཡོད། རྒྱ་ནག་གིས་འདས་པའི་ནང་དཔལ་འབྱོར་འཕེལ་རྒྱས་ཆེད་ ཐོན་ཁུངས་མང་པོ་བེད་སྤྱད་ནས་ད་ཆ་རྒྱ་ནག་དེ་བཞིན་འཛམ་གླིང་ནང་ནས་དུག་རླངས་ཕྱིར་གཏོང་མཁན་གྱི་རྒྱལ་ཁབ་ཤུགས་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པར་བརྟེན་ཁོར་ཡུག་གཙང་སེལ་བཟོ་རྒྱུ་དེ་རྒྱ་ནག་གི་ལས་འགན་ཞིག་ཆགས་ཡོད་ལུགས་བརྗོད་འདུག   
རྒྱ་ནག་གི་སྲིད་བློན་ལིའི་ཁ་ཆང་གིས་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པའི་ཕ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས་ཀྱི་གོང་ཞུས་བཀའ་མོལ་དེ་བཞིན་རིང་མིན་ཕ་རན་སིའི་རྒྱལ་ས་པེ་རེ་སིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ཁོར་ཡུག་གི་ལྷན་ཚོགས་ཚུགས་ཀྱི་ཡོད་པ་དང་བསྟུན་ནས་གནང་བ་ཞིག་ཡིན་ཞིང་། འཛམ་གླིང་ནང་ནས་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་ཨང་གཉིས་པའི་ཆ་ནས་གོ་ལའི་ནང་དུག་རླངས་ཕྱིར་གཏོང་རྒྱུ་ཉུང་དུ་གཏོང་རྒྱུའི་གནད་དོན་ཐོག་འགན་ལེན་དེ་བས་མང་ཙམ་འཁེལ་དགོས་པ་འཛམ་གླིང་ཡུལ་གྲུ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་རྒྱ་ནག་དང་ཕ་རན་སིའི་དཔོན་རིགས་ཀྱིས་ཡུལ་གྲུ་གཉིས་དབར་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་སེལ་ཐབས་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཤིག་ཡང་ཕྱིར་བསྒྲགས་བྱས་ཡོད་པ་རེད།  

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎