ངོ་རྒོལ་བའི་ཐོག་སྲིད་ཇུས་འཛིན་སྟངས་ཡར་རྒྱས་དགོས་ལུགས།

རྒྱ་གཞུང་གིས་ས་གནས་ཀྱི་ལས་བྱེད་ཚོར་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་སྲིད་བྱུས་འཛིན་སྟངས་ཡར་རྒྱས་གཏོང་དགོས་ལུགས།

2011.12.22

༄༅༎རྒྱ་ནག་གཞུང་གིས་་ས་གནས་ཀྱི་ལས་བྱེད་ཚོར་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་སྲིད་བྱུས་འཛིན་སྟངས་ཡར་རྒྱས་གཏོང་དགོས་ལུགས་བཤད་ཡོད་འདུག
ཉེ་ཆར་ནས་བཟུང་རྒྱ་ནག་གི་ས་ཁུལ་མང་པོའི་ནང་། ཞིང་པ་དང་། གཞན་ཡང་བཟོ་གྲྭ་ལས་མི་མང་པོས་ས་གནས་སྲིད་གཞུང་གི་ལས་བྱེད་དང་། ཡང་ན་བཟོ་གྲའི་བདག་པོ་ཚོའི་ལས་དོན་སྤེལ་ཕྱོགས་ལ་མི་འདོད་པའི་རྣམ་འགྱུར་བསྟེན་ནས་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པ་དང་། དེར་ས་གནས་སྲིད་གཞུང་གི་ལས་བྱེད་ཚོས་སྟངས་འཛིན་བྱེད་ཕྱོགས་དྲག་ཤུགས་སྤེལ་བ་དེས་ཡུལ་མི་དང་། ཉེན་རྟོག་པའི་དབར་འཁོན་འཁྲུག་ཀྱང་བྱུང་ཡོད་པ་རེད། དཔེར་ན་གྷོང་དྲོང་ཞིང་ཆེན་དུ་སོལ་བའི་བཟོ་གྲྭ་ཞིག་རྒྱ་སྐྱེད་གཏོང་རྩིས་བྱེད་པ་དེར་ས་གནས་ཡུལ་མི་ཚོས་དེས་རྐྱེན་པས་ཁོར་ཡུག་ལ་གནོད་སྐྱོན་འགྲོ་གི་ཡོད་ལུགས་ངོ་རྒོལ་བྱེད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཧེ་མན་ཞེས་པའི་གྲོང་ཚོའི་ནང་དུའང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཉེན་རྟོག་པས་དྲག་ཤུགས་སྤེལ་བ་དང་ཟིང་ཆའི་འོག་བུད་མེད་གཅིག་དང་། ཕྲུ་གུ་ལོ་ན་བཅོ་ལྔ་བྱས་པ་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་རྒྱ་ནག་གཞུང་ནས་ཉེན་ཁར་མཐོང་ནས་དེ་རིང་རྒྱ་ནག་དབུས་ཆབ་སྲིད་ལས་དོན་ཚན་པའི་དཔོན་རིགས་མཐོ་གྲས་ཀྲའོ་ ཡོང་ཀང་ནས་བཤད་པ་ཞིག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་ལུང་འདྲེན་་བྱས་པར་ལྟར་ན། ཁོང་གིས། ས་གནས་སུ་རྙོག་དྲ་དང་ཟིང་ཆའི་རིགས་བྱུང་བ་ཡིན་ན་དེ་དག་དཀའ་ངལ་སེལ་ཐབས་དང་། སྟངས་འཛིན་བྱེད་སྟངས་ཡག་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དམིགས་བསལ་དཀའ་ངལ་དེ་དག་བྱུང་རྐྱེན་ག་རེ་ཡིན་མིན་ཤེས་རྟོག་ཐུབ་པ་དང་། དེ་རྩ་མེད་བཟོ་ཐབས་བྱེད་དགོས་ཀྱི་རེད་གང་ལྟར་རྒྱ་ནག་ནང་དུས་ཚོད་གལ་ཆེན་པོ་འདི་འདྲའི་སྐབས་ཚང་མས་འགན་འཁྲི་ཡག་པོ་དང་། ལྷིང་འཇགས་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་ཀྱི་རེད་ཅེས་གཏམ་བཤད་སྤེལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎