པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་ན་ནིང་ལས་སྡུག་ཏུ་ཕྱིན་པ།

པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་ན་ནིང་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་སྐབས་ལས་ཇེ་སྡུག་ཏུ་བསྐྱོད་ཡོད་སྐོར་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད།

2009.06.20

༄༅༎པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་ན་ནིང་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་སྐབས་ལས་ཇེ་སྡུག་ཏུ་བསྐྱོད་ཡོད་པ་ཉམས་ཞིབ་པ་ཚོས་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད།

སྙན་ཐོ་དེ་བཞིན་ཕྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་འཁོར་ཡུག་དུས་དེབ་ཅེས་པའི་ཐོག་བཏོན་ཡོད་པ་དང་དུས་དེབ་དེ་ནི་རྒྱ་ནག་དང་ཨ་རིའི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཁང་ཞེས་པའི་མཐུན་མོང་གིས་རོགས་དངུལ་བཏང་ནས་སྤེལ་བ་ཞིག་ཡིན་པ་དང་སྙན་ཐོ་དའེི་ནང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རིང་གི་གནམ་གཤིས་ཐོག་བརྟག་དཔྱད་བྱས་པའི་སྐབས་མ་གཞི་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་གཙང་སེལ་བཟོ་རྒྱུར་འབད་བརྩོན་མང་པོ་ཞིག་བྱས་ཡོད་ན་ཡང་དེའི་སྐབས་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་གི་གནས་སྟངས་དེ་དེའི་གོང་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་ཡུལ་གྲུ་ཁག་ལས་ཞི་པུས་སྡུག་པོ་ཡོད་པ་མ་ཟད་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་མཁའ་རླུང་འབག་བཙོག་གི་བདེ་འཇགས་ཚད་བཀག་ལས་བརྒལ་གྱི་ཡོད་ཅིང་ཡིན་ནའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དུས་བཀག་ཟིན་པར་གཟའ་འཁོར་གཉིས་ནང་ཚུད་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་འབག་བཙོག་གི་གནས་སྟངས་དེ་བཟང་དུ་ཕྱིན་ཡོད་པ་དང་དེའི་ཐོག་འབྲེལ་ཡོད་ནས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་དེ་གཙོ་བོ་ཨོ་ལིམ་པིག་རྩེད་འགྲན་གྱི་རིང་ཆར་པ་བར་མ་ཆད་པར་བབ་ཏེ་པེ་ཅིང་བྱང་ཕྱོགས་དང་ཤར་ཕྱོགས་ནས་ལྷག་པ་སྟུད་མར་བརྒྱབས་ནས་དེས་པེ་ཅིང་གྲོང་ཁྱེར་ནང་གི་མཁའ་རླུང་འབག་བཙོག་རྣམས་རེ་ཞིག་གཙང་སེལ་བཟོས་ནས་གྲོང་ཁྱེར་གྱི་མཁའ་རླུང་འབག་བཙོག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཐུབ་པ་ཞིག་ཡིན་པ་འཁོད་ཡོད་པ་རེད། སྙན་ཐོ་དེའི་ནང་ད་དུང་འཁོད་པར་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རིང་གོང་གི་རྒྱུ་མཚན་ཐོག་ནས་པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་འབག་བཙོག་གི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་ཡོད་ཀྱང་ཡིན་ནའི་ཡུལ་གྲུ་གཞན་དང་སྡུར་ན་ད་དུང་ཡང་མཁའ་རླུང་འབག་བཙོག་ཧ་ཅང་ཤུགས་ཆེན་པོ་ཡིན་སྟབས་ད་ལྟའི་ཆར་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་མཁན་གྱི་རྩེད་འགྲན་པ་ཚོར་མཁའ་རླུང་འབག་བཙོག་གིས་རྐྱེན་པས་ནད་གཞི་ཕོག་པའི་གནས་ཚུལ་རིགས་བྱུང་ཡོད་མེད་ཁ་གསལ་ཤེས་རྟོགས་མེད་ལུགས་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎