དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྔ་ནུབ་རྒྱ་ནག་གིས་དམ་དྲག་ཇེ་ཆེར་བཏང་འདུག


2018.06.01
པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོ། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོ།
CHR

དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གིས་གང་སར་དམ་དྲག་ཇེ་ཆེར་བཏང་ཡོད་འདུག
དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ ༢༩ འཁོར་བའི་དུས་དྲན་གྱི་སྔ་ནུབ་ཏུ། རྒྱ་ནག་དམར་ཤོག་དྲུང་ཆེ་ཟུར་པ་ཀྲའོ་ཙི་ཡང་གི་དྲུང་ཡིག་བྷོ་ཐོང་ལགས་སུ་ཕྱིའི་བཅར་འདྲི་དང་ལེན་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་བཞིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོ་ལྗོངས་རྒྱུར་ཁྲིད་པ་དང་ཁ་ཤས་བཟང་བཙོན་དུ་བཀག་ཡོད་འདུག
ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་སློབ་མའི་དམངས་གཙོའི་ལས་འགུལ་ལངས་ནས་ལོ ༢༩ འཁོར་བའི་དུས་དྲན་མ་བསླེབ་པའི་སྔ་ནུབ་ཏུ། རྒྱ་ནག་གཞུང་གིས་ལོ་ལྟར་བཞིན་རྣོ་ཚོར་ཆེ་བའི་དུས་སྐབས་ཟེར་བར་དམ་བསྒྲགས་ནན་མོ་བྱེད་ཆེད་གཞུང་དང་ལྟ་སྤྱོད་ཐ་དད་པའི་མི་སྣའི་རང་དབང་ལ་ཚད་བཀག་བྱེད་སྲོལ་ཡོད་པ་ལྟར།  རྒྱ་ནག་དམར་ཤོག་དྲུང་ཆེ་ཟུར་བ་ཀྲའོ་ཙི་ཡང་གི་ཆབ་སྲིད་དྲུང་ཡིག་སྐུ་ཞབས་བྷོ་ཐོང་ལགས་ཀྱིས་ཚེས ༣༡ ཉིན་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ང་ལ་ཕྱིའི་གསར་འགྱུར་སྡེ་ཁག་གི་བཅར་འདྲི་དང་ལེན་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་སོང་ཞེས་གནས་ཚུལ་འགྲེལ་བརྗོད་གནང་བ་དང་། སྐུ་ཞབས་བྷོ་ཐོང་ལགས་ལོ་ན ༨༥སོན་ཡོད་སྟབས། ལོ་སྔོན་མ་ནས་བཟུང་དྲུག་བཞི་དུས་དྲན་ལོ་འཁོར་སྐབས་དེ་སྔོན་ལྟར་ས་ཁུལ་གཞན་དུ་བཙན་དབང་གིས་སྤྲོ་འཁྱམ་ལ་ཁྲིད་མེད་མོད། འོན་ཀྱང་ཁོང་ལ་ཚོུད ༢༤རིང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་གསུངས་འདུག
དེ་བཞིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོ་ལྗོངས་རྒྱུ་ལ་ཁྲིད་པ་དང་ཁ་ཤས་བཟང་བཙོན་དུ་བཀག་ཡོད་པ་དང་། གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོས་དྲུག་བཞི་དོན་རྐྱེན་བྱུང་ནས་ལོ ༢༩ འཁོར་བའི་དུས་དྲན་གྱི་སྔ་ནུབ་ཏུ་སྲིད་འཛིན་ཞི་ཅིན་ཕེང་ལ་ཡོངས་ཁྱབ་ཡི་གེ་ཞིག་བཏང་ནས་དྲུག་བཞི་དོན་རྐྱེན་བྱུང་ནས་ལོ ༢༩ ཕྱིན་ཡང་གཞུང་གིས་ད་དུང་ཡང་ཡ་མེད་དུ་བཏང་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཕྱིན་པའི་ནང་མིའི་ཁྲོད་མང་པོ་ཞིག་ལྷག་མེད་པས་དབུ་ཁྲི་ཞི་ཡིས་དེ་ལ་གཙིགས་འཛིན་བྱ་རྒྱའི་རེ་བ་ཡོད། ང་ཚོའི་ཀྲུང་གོའི་རྨི་ལམ་ནི་ཁྲག་དྲི་བྲོ་བའི་དྲུག་བཞི་དོན་རྐྱེན་དཀར་འདོན་བྱེད་རྒྱུ་དེ་ཡིན་ཞེས་ཡི་གེའི་ནང་བཀོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎