༸གོང་ས་མཆོག་ནས་ནིའུ་ཡོག་གྲོང་དུ་ཆོས་འབྲེལ་བསྩལ་བ།

༸གོང་ས་མཆོག་ནས་ནིའུ་ཡོག་གྲོང་ཁྱེར་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པའི་བདེན་པ་བཞིའི་སྐོར་བཀའ་ཆོས་བསྩལ་གནང་བ།

2008.07.18

༄༅༎རེས་གཟའ་ཕུར་བུའི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་མི་དམངས་ཆོས་འབྲེལ་གནང་བའི་སྐབས་སོ་སོ་རང་ཉིད་ཀྱི་ཕ་མེས་ནས་བྱུང་བའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་གཅེས་འཛིན་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་ཡིན་ནའང་སོ་སོ་རང་ཉིད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་ཁོ་ན་བྱས་ཏེ་འཛམ་གླིང་གི་ཕྱི་ཕྱོགས་ཀྱི་དེང་རབས་ཅན་གྱི་ཤེས་ཡོན་མ་སྦྱང་པར་སྒོ་རྒྱབ་ཏེ་བསྡད་ན་དེ་ནི་ནོར་འཁྲུལ་རེད་ཅེས་བཀའ་གནང་ཡོད་པ་རེད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རེ་ཌི་ཡོ་སི་ཊི་མིའུ་ཛིག་ཧོལ་ཞེས་པའི་གླུ་གཞས་དུས་སྟོན་ཚོགས་ཡུལ་གྱི་ཚོགས་ཁང་དུ་ཆོས་ཞུ་བ་མི་དམངས་སྟོང་ཕྲག་ལྷག་འདུ་འཛོམས་གནང་བའི་ཐོག་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པའི་བདེན་པ་བཞིའི་སྐོར་བཀའ་ཆོས་གནང་བ་དང་ཆབས་ཅིག་མི་དམངས་ཚོར་རང་སོ་སོའི་ཐོུང་མ་ཡིན་པའི་ཆོས་ལུགས་ཀྱི་རིན་ཐང་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀ་ལྡན་པའི་དུས་རབས་༢༡ པའི་ནང་པ་ཞིག་བྱ་དགོས་པའི་སྐོར་དང་། ཤ་རུས་ལས་གྲུབ་པའི་མིའི་ལུས་པོ་དེ་ཐེངས་གཅིག་ལེན་ཚར་བའི་རྗེས་ལ་ཉམས་རྒུད་དུ་འགྲོ་བའི་སྐབས་དེ་ལས་ཐར་ཐབས་ཀྱི་འགྲོ་ལམ་མེད་ཅིང་ཡིན་ནའང་བློ་རིག་གསལ་བ་དང་ཤེས་རྒྱ་ཡངས་པ་ཞིག་ཡོང་རྒྱུར་སེམས་ལ་སྦྱོང་བརྡར་སྤྲོད་རྒྱུའི་ལམ་ཀ་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཧི་མ་ལ་ཡའི་ནང་པའི་ཚོགས་པ་ཞེས་པའི་ནང་ ཆུམ་ དང་ དོལ་པོ། རྒྱལ་གསུམ་རྡོ། མ་ནང། ནུ་པིརི་། གློ་པ། ཏ་མང༌། ཐ་ཀ་ལི། ལྦ་ལུང༌། ཡོལ་མོ་བཅས་ཀྱི་མི་རིགས་ལས་གྲུབ་པ་ཞིག་ཡིན་ཞིང༌། མི་དམངས་དེ་དག་གི་ཆོས་དང་རིག་གཞུང་བོད་མི་དང་ཐག་ཉེ་བ་དང་འབྲེལ་བ་གཏིང་གཟབ་ཡོད་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་པོའི་མི་དམངས་དང་བོད་མི་གཉིས་གཅེན་གཅུང་ལྟ་བུའི་སྤུན་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎