རྒྱ་གར་གཞུང་དམངས་ལ་བཀྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི།

བོད་གཞུང་སྨན་ཁང་གི་སྦེང་ལཱོར་དུ་ཡོད་པའི་ཡན་ལག་སྨན་ཁང་གིས་རྒྱ་གར་མི་དམངས་ལ་སྨན་སྦྱིན་དང་བརྟག་དཔྱད་ཀྱི་མཐུན་འགྱུར་ཞུས་འདུག

2009.11.24

༄༅༎རྒྱ་གར་གྱི་གྲོང་ཁྱེར་སྦེང་ལཱོར་དུ་ཚུགས་བཞིན་པའི་བོད་མི་བཙན་བྱོལ་བ་ཚོས་རྒྱ་གར་གཞུང་ལ་བཀའ་དྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི་ཞུ་བའི་ཁོངས་སུ་བོད་གཞུང་སྨན་ཁང་གི་སྦེང་ལཱོར་དུ་ཡོད་པའི་ཡན་ལག་སྨན་ཁང་གིས་རྒྱ་གར་མི་དམངས་ལ་སྨན་སྦྱིན་དང་བརྟག་དཔྱད་ཀྱི་མཐུན་འགྱུར་ཞུས་ཡོད་པ་རེད།

བཙན་བྱོལ་གཞུང་དང་བོད་མི་ཚོས་ཕྱི་ལོ་༢༠༠༩ ལོ་འཁོར་མོའི་ནང་རྒྱ་གར་གཞུང་དང་མི་དམངས་ཀྱིས་བཙན་བྱོལ་བོད་མི་ཚོར་མི་ལོ་ལྔ་བཅུའི་རིང་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི་ཞུ་བའི་བྱེད་སྒོ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་ལྟར་ཟླ་བ་འདིའི་ཕྱི་ཚེས་༢༢ ནས་༢༤  བར་ཉིན་གྲངས་གསུམ་རིང་གྲོང་ཁྱེར་སྦེང་ལཱོར་ནང་དུ་བོད་མི་ཚོས་བཀྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང། ཁ་ས་ཕྱི་ཚེས་༢༣ ཉིན་བོད་གཞུང་སྨན་རྩིས་ཁང་གི་སྦེང་ལཱོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ས་གནས་རྒྱ་གར་མི་དམངས་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྐོར་གཏམ་བཤད་གནང་སྟེ། ལུས་ལ་ན་ཚ་འདྲ་མིན་ཡོང་བའི་རྒྱུ་གཙོ་བོ་ནི་གཏི་མུག་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང། ང་རྒྱལ་སོགས་ཡིན་པའི་ནད་ཀྱི་རྩ་བའི་སྐོར་འགྲེལ་བརྗོད་གནང་བ་དང། བོད་ཀྱི་གསོ་བ་རིག་པའི་རྒྱལ་པོ་ལྟ་བུ་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་དུས་སུ་རྒྱ་གར་དང། རྒྱ་ནག སྟག་གཟིག། གྲུ་གུ་སོགས་བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་ཁག་ནས་སྨན་དཔྱད་མཁས་པ་གདན་ཞུ་གནང་སྟེ་སོ་སོའི་གསོ་རིག་ཀྱི་གཞུང་ལུགས་ཐོག་བགྲོ་གླེང་དང་བརྡར་ཤ་བཅད་དེ་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་གཏམ་བཤད་གནང་ཡོད་པ་རེད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དུ། ནད་ཐམས་ཅད་ཀྱི་རིང་བའི་རྒྱུ་མ་རིག་པ་ལས་བྱུང་བ་གསུངས་ཡོད་ཀྱང་ཉེ་བའི་རྒྱུ་ནི། ཟས་དང་སྤྱོད་ལམ་ལ་བརྟེན་ནས་ཡོང་བ་དང། ནད་སློང་བའི་རྒྱུ་ཡང་ཟས་དང་སྤྱོད་ལམ་གཉིས་ལོག་པར་བསྟེན་ནས་བྱུང་བ་ཡིན་པ་བཞིན་ནད་བཅོས་པ་ལ་ཐོག་མར་ཟས་སྤྱོད་གཉིས་སྤང་བླངས་ཀྱི་ཐོག་ནས་བཅོས་བྱེད་པ་ལས་ཐོག་མ་ཉིད་ནས་སྨན་གཏོང་བ་ཡིན་པར། ཐོག་མར་སྤྱོད་ལམ་དང། དེ་རྗེས་ཟས། དེ་ནས་སྨན། མཐའ་མ་དེར་དཔྱད་ཞེས་སྨན་བཅོས་ཀྱི་གོ་རིམ་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་ཁོང་གི་གཏམ་བཤད་ནང་དུ། བོད་ཀྱི་གསོ་བ་རིག་པས་དེང་སྐབས་རྒྱལ་སྤྱིའི་ནང་ཞབས་འདེགས་ནུས་པ་ཐོན་པ་ཞུ་ཐུབ་ཀྱི་ཡོད་པ་བཞིན་བོད་སྨན་གྱིས་ཇི་ལྟར་ཕན་ནུས་ཐོག་ལ་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་གལ་ཆེ་བའི་སྐོར་གསུང་ཡོད་པ་རེད། བོད་གཞུང་སྨན་ཁང་དེ་ནི་སྤྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་རམ་ས་ལར་གསར་འཛུགས་གནང་སྟེ། དེའི་དམིགས་ཡུལ་ནི་བོད་ཀྱི་ཐོུང་མ་ཡིན་པའི་གསོ་རིག་ཀྱི་གཞུང་ལུགས་དེས་འགྲོ་བ་མིའི་བདེ་དོན་ལ་ཞབས་འདེགས་སྐྲུནཐབས་ཀྱི་ཆེད་དུ་ཡིན་པ་བཞིན། ད་ཆ་སྨན་རྩིས་ཁང་གིས་རྒྱ་གར་དང་བལ་ཡུལ་སོགས་ནང་ཡན་ལག་སྨན་ཁང་༥༦གསར་འཛུགས་གནང་ཐུབ་པ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎