རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཕྱི་མི་གཏེར་བཏོན་ལས་བྱེད།

ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ནས་རྒྱ་ནག་ལ་ཨོ་སོ་ཀྲོ་ལི་ཡའི་གཏེར་བཏོན་ལས་བྱེད་པའི་ཐོག་གསང་མྱུལ་གྱི་ཉེས་འཛུགས་གནད་དོན་ཐད་གླེང་སློང༌།

2009.07.15

༄༅༎དེ་རིང་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གིས་རྒྱ་ནག་ལ་ཨོ་སོ་ཀྲོ་ལི་ཡའི་གཏེར་བཏོན་ལས་བྱེད་པའི་ཐོག་གསང་མྱུལ་གྱི་ཉེས་འཛུགས་བྱས་ནས་རྒྱ་ནག་གིས་འཛིན་བཟུང་བྱས་པ་དེས་ཕྱོགས་གཉིས་དབར་དཔལ་འབྱོར་གྱི་འབྲེལ་བར་དོ་ཕོག་ཐེབས་རྒྱུའི་ཉེན་བརྡ་བཏང་གནང་བ་དང་འཛམ་གླིང་གི་ཡུལ་ཁག་ཚོས་རྒྱ་ནག་གིས་གནད་དོན་དེའི་ཐད་ཐག་གཅོད་བྱེད་སྟངས་ལ་ཉམས་སྣང་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་བཞག

ཉེ་ལམ་ཟླ་བ་འདིའི་ཚེས་ལྔ་ཉིན་རྒྱ་ནག་གིས་ཨོ་སོ་ཀྲོ་ལི་ཡའི་གཏེར་ཁ་བསྔོག་འདོན་ཁེ་གཉེར་ལས་ཁང་རི་ཡོ་ཊིན་ཊོའི་ལས་བྱེད་པ་འཛིན་བཟུང་བྱས་པ་ནས་བཟུང་རྒྱ་ནག་དང་ཨོ་སོ་ཀྲོ་ལི་ཡ་གཉིས་དབར་ལྷག་པར་དུ་ལྕགས་གཏེར་རྒྱུ་རྫས་ཚོང་སྒྱུར་གྱི་འབྲེལ་བར་དོ་ཕོག་འགྲོ་གཞིའི་ཉེན་ཁ་ཆགས་ཡོད་པ་རེད།

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་རྟེན་གཞི་བྱས་པའི་རི་ཡོ་ཊིན་ཊོ་ཁེ་གཉེར་ལས་ཁང་གི་ཚོང་འབྲེལ་ལས་བྱེད་གཙོ་བོ་སི་ཀྲན་ཧུ་དང་ཕྱག་འབྲེལ་ལས་བྱེད་འགའ་ཤས་ཀྱིས་རྒྱ་ནག་གི་ངར་ལྕགས་གཏེར་ལས་ཁང་གི་གསང་བ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་ནས་རྒྱ་ནག་གིས་འཛིན་བཟུང་བྱས་པ་དེ་ཨོ་སོ་ཀྲོ་ལི་ཡ་ནས་རྒྱ་ནག་གིས་ལྕགས་གཏེར་ནང་འདྲེན་གྱི་རིན་གོང་གཅོག་རྒྱུའི་ཐོག་བེད་སྤྱོད་གཏོང་སྲིད་པ་ཞིག་རེད། རྒྱ་སྐད་ཡག་པོ་མཁྱེན་མཁན་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་དང་ཨོ་སོ་ཀྲོ་ལི་ཡ་གཉིས་དབར་གྱི་འབྲེལ་བ་དེ་ཨོ་སོ་ཀྲོ་ལི་ཡ་གཅིག་པུར་ཕན་ཐོགས་ཡོད་པ་ཞིག་མ་ཡིན་པར་རྒྱ་ནག་གིས་ཀྱང་ཨོ་སོ་ཀྲོ་ལི་ཡའི་ཐོག་ཚོང་འབྲེལ་གྱི་རྒྱབ་རྟེན་བྱེད་དགོས་ཆགས་ཀྱི་ཡོད་སྐོར་རྒྱ་ནག་གི་གྲོགས་པོ་ཚོར་དྲན་སྐུལ་གནང་ཡོད་པ་དང་རྒྱ་ནག་གིས་ཉེས་འཛུགས་འཛིན་བཟུང་བྱས་པའི་ཨོ་སོ་ཀྲོ་ལི་ཡའི་ཚོང་ལས་པ་སི་ཀྲན་ཧུ་རྒྱ་ནག་གི་དོ་དམ་འོག་ནས་གློད་བཀྲོལ་ཐུབ་ཐབས་ཀྱི་འབད་བརྩོན་གང་ཡོང་གནང་རྒྱུ་ཡིན་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎