མེ་འཕེན་མཚམས་འཇོག་དགོས་པའི་འབོད་སྐུལ།

མ་ཡན་མར་གྱི་དབུ་ཁྲིས་ལྕམ་ཨང་སན་སུ་ཆི་མཆོག་ནས་ཡུལ་དེའི་ནང་ཞི་བདེ་དགོས་པའི་འབོད་སྐུལ་ཞུས་པ།

མ་ཡན་མར་གྱི་དབུ་ཁྲིས་ལྕམ་ཨང་སན་སུ་ཆི་མཆོག་ནས་ཡུལ་དེའི་ནང་ཞི་བདེ་དགོས་པའི་འབོད་སྐུལ་ཞུས་པ། ཨེ་ཨེཕ་པི།

༄༅༎མ་ཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གིས་ཡུལ་དེའི་མི་རིགས་ཤོག་ཁག་ཚང་མར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་ལ་ས་རྟགས་བཀོད་ནས་ཞི་བདེའི་ཕྱོགས་སུ་བསྐྱོད་དགོས་པའི་འབོད་སྐུལ་ཞུས་བཞག  དེ་ཡང་དེ་རིང་མ་ཡན་མར་གྱི་ལོ་འཁོར་མཐུན་གྲོགས་ཉིན་མོར་ལྕམ་ཨང་སན་སུ་ཆི་མཆོག་གིས་མི་ལོ་༧༠གོང་མ་ཡན་མར་གྱི་རང་བཙན་གྱི་དཔའ་བོ་ཁོང་གི་ཕ་དམ་པས་ཡུལ་དེའི་མི་རིགས་ཚང་མ་དང་ལྷན་དུ་ཞི་བའི་གྲོས་མཐུན་ལ་ས་རྟགས་བཀོད་ཡུལ་དེར་ཁོང་གིས་གསུང་བཤད་ཞིག་གནང་བའི་ནང་མ་ཡན་མར་གྱི་མི་རིགས་ཚང་མས་ཞི་བདེའི་ལས་འགུལ་ལ་མཉམ་ཞུགས་གནང་ན་སྒྲིག་ཀྱི་རེད་ཅེས་གསུངས་བཞག དེ་བཞིན་ཁོང་གིས་མ་ཡན་མར་རྒྱལ་ཡོངས་ནང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་མཐུན་གྲོས་ལ་ས་རྟགས་མ་བཀོད་པའི་མི་རིགས་ཚང་མར་ཞི་བའི་གྲོས་མཐུན་དེར་ས་རྟགས་བཀོད་ནས་དུས་རབས་༢༡པའི་Panglong ལྷན་ཚོགས་སུ་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་བཞག
ལྕམ་ཨང་སན་སུ་ཆི་མཆོག་གིས་དབུ་ཁྲིད་མ་ཡན་མར་རྒྱལ་ཡོངས་མང་གཙོ་ཚོགས་པས་འོས་བསྡུའི་དྲིལ་བསྒྲགས་སྐབས་ཡུལ་ནང་ཞི་བདེ་བསྐྲུན་ཐབས་བྱ་རྒྱུ་དེ་ནི་ལས་འགན་ཨང་དང་པོ་དེ་ཡིན་ལུགས་གསུངས་ཡོད་ཀྱང་དངོས་སུ་དབང་ཆའི་སྒང་སླེབས་སྐབས་ Rohingyaཁ་ཆེའི་གྲངས་ཉུང་མི་རིགས་ལ་དམག་མིས་གཉའ་གནོན་གཏོང་བཞིོན་པ་དེར་ཁོང་གིས་དོ་སྣང་གང་ཡང་གནང་གི་མེད་པའི་སྐྱོན་བརྗོད་ཕྱོགས་ཡོང་ནས་བྱེད་བཞིན་པ་རེད། མ་ཡན་མར་གྱི་བྱང་ཕྱོགས་ཁུལ་ Kachin ངོ་རྒོལ་གྱེན་ལངས་པས་དམག་མི་མཉམ་འཛིང་ནས་ཕྱི་ལོ་༢༠༡༡ལོ་ནས་བཟུང་ད་བར་ཞི་བའི་མི་མང་འབུམ་གཅིག་ལྷག་རང་གི་ས་ཁང་ས་གཞིས་བཞག་ནས་ས་ཁུལ་གཞན་དུ་བྲོས་བྱོལ་འགྲོ་དགོས་ཆགས་ཡོད་པ་རེད། མ་ཡན་མར་ནང་དམག་མིས་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པར་སོང་ཉེ་བའི་འཆར་གྲངས་ཉུང་མི་རིགས་ཚོས་ལྕམ་ཨང་སན་སུ་ཆི་མཆོག་གིས་ཞི་བའི་ལས་འགུལ་སྤེལ་བའི་རེ་བ་དེ་ཆུང་དུ་ཕྱིན་ཡོད་པ་རེད། མ་ཡན་མར་མཐུན་གྲོགས་ཉིན་མོ་ནི་ལྕམ་ཨང་སན་སུ་ཆི་མཆོག་གི་ཕ་དམ་པ་དམག་སྤྱི་Gen.Aung San མཆོག་གིས་ཡུལ་དེའི་Shanདང་ Kachin དེ་བཞིན་Chin མི་རིགས་སོགས་ཀྱི་དབུ་ཁྲིད་དང་ལྷན་དུ་ཞི་བའི་གྲོས་མཐུན་ལ་ས་རྟགས་བཀོད་ནས་གྲངས་ཉུང་མི་རིགས་ཚང་མར་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད། འོན་ཀྱང་ཞི་བའི་གྲོས་མཐུན་དེ་བཞག་ནས་ཟླ་བ་ལྔ་ཙམ་རྗེས་ཁོང་བཀྲོང་ཡོད་པ་དང་། དུས་དེ་ནས་བཟུང་མ་ཡན་མར་གྱི་དྲག་པོའི་དམག་མིའི་གཞུང་གཙོ་བོར་བྱས་པའི་མ་ཡན་མར་གྱི་སྲིད་གཞུང་གིས་༡༩༤༧ལོར་བཞག་པའི་ཞི་བའི་གྲོས་མཐུན་དེར་བདག་སྤྲོད་གནང་མེད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org