འབར་མའི་ལྕམ་ཨང་སུ་ཅིར་ཀེ་ན་ཌའི་མི་སེར་གྱི་ཆེ་བསྟོད་ཕུལ་བ།

ཀེ་ན་ཌའི་གཞུང་གིས་འབར་མའི་མང་གཙོའི་ལས་འགུལ་གྱི་ དབུ་འཁྲིད་ལྕམ་སུ་ཅིར་ཀེ་ན་ཌའི་མི་སེར་གྱི་ཆེ་བསྟོད་ཕུལ་འདུག

2008.05.06

༄༅༎གཟའ་མིག་དམར་ཉིན་ཀེ་ན་ཌའི་གཞུང་གིས་འབར་མའི་མང་གཙོའི་ལས་འགུལ་གྱི་དབུ་འཁྲིད་

བཟང་བཙོན་འོག་ཡོད་པ་ ལྕམ་ཨང་སང་སུ་ཅིར་ཀེ་ན་ཌའི་མི་སེར་གྱི་ཆེ་བསྟོད་ཕུལ་ཡོད་པ་དང་ ཁོང་མགྱོགས་མྱུང་གློད་འགྲོལ་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད་ ལྕམ་ཨང་སང་སུ་ཅིར་ཀེ་ན་ཌའི་མི་སེར་གྱི་ཆེ་བསྟོད་དེ་ཕུལ་སྐབས་ ཀེ་ན་ཌའི་ཕྱི་སྲིད་བློན་ཆེན་ མཱེག་སིན་སྦར་ནིཡེར་གྱིས་ ལྕམ་ཨང་སང་སུ་ཅི་ནི་རང་དབང་དམངས་གཙོ་ འགྲོ་བ་མིའི་ཐོབ་ཐང་དང་ ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཀྱི་འཐབ་རྩོད་ཀྱི་མཚོན་དོན་ཞིག་ཡིན་པ་རེད་ཅེས་དང་ ཁོང་གིས་རྒྱུན་རིང་སྙིང་སྟོབས་ཆེན་པོས་འབར་མའི་ནང་མང་གཙོ་དང་རང་དབང་དར་སྤེལ་གཏོང་ཐབས་

གནང་བཞིན་པའི་འབད་བརྩོན་ལ་ངོས་འཛིན་ཞུས་པའི་ཐོག་ནས་མི་སེར་གྱི་ཆེ་བསྟོད་དེ་ཕུལ་ཡོད་ཅེས་

འགྲེལ་བརྗོད་གནང་ཡོད་པ་རེད་ ཆེ་བསྟོད་ཀྱི་ལག་འཁྱེར་དེ་ལྕམ་ཨང་སང་སུ་ཅིའི་ཚ་མོ་སཱེན་ཝིན་གྱིས་ཨང་སང་སུ་ཅིའི་ཚབ་གནང་སྟེ་བཞེས་ཡོད་པ་རེད་ མཚན་ཐོངས་ཆེ་བའི་ཀེ་ན་ཌའི་མི་སེར་གྱི་ཆེ་བསྟོད་

གཟེངས་རྟགས་དེ་བཞིན་འདིའི་གོང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་

ཆེན་པོ་མཆོག་དང་ ལྷོ་ཨཕཱ་རི་ཀའི་སྲིད་འཛིན་ཟུར་པ་ ནེལ་སོན་མེན་ཌེ་ལ། སུད་སི་ཌེན་གྱི་མི་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རཱའོལ་ཝོ་ལེན་སྦག་རྣམས་ལ་ཕུལ་ཡོད་པ་རེད་

དགུང་གྲངས་ ༦༢ ལ་ཕེབས་པ་ལྕམ་ཨང་སང་སུ་ཅི་མཆོག་ཕྱི་ལོ་ ༢༠༠༣ ལོ་ནས་བཟུང་ ཡུལ་དེའི་དྲག་པོའི་གཞུང་གི་འགོ་འཁྲིད་ཚོས་བཟང་བཙོན་འོག་བཞག་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎