འབར་མའི་དམངས་གཙོ་ཚོགས་པ་ཁྲིམས་མཐུན་སླར་གསོ་ཡོང་རེ།
2011.01.13
༄༅༎འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུའུ་ཅི་མཆོག་གིས་ ཁོང་གིས་སྣེ་འཁྲིད་གནང་པའི་ཆབ་སྲིད་ཚོགས་པ་དེ་བཞིན་ཁྲིམས་ཐོག་ནས་སླར་གསོ་འབྱུང་ཐབས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག་༎
སྔ་ལོ་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་ལྩམ་ཨོང་སན་སུའུ་ཅི་མཆོག་ནས་དྲག་པོའི་སྲིད་གཞུང་གི་བཀོད་སྡོམ་འོག་རྒྱལ་ཡོངས་འོས་བསྡུ་དེ་བཞིན་ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་དྲང་བདེན་དང་རང་དབང་ལྡན་པའི་འོས་བསྡུ་ཡོང་རྒྱུ་མིན་པའི་བཞེངས་ཕྱོགས་ཐོག་ནས་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་བཞིན་འོས་བསྡུའི་ནང་མཉམ་ཞུགས་གནང་རྒྱུའི་དེབ་སྐྱེལ་གནང་མེད་པ་དང་ གནད་དོན་དེས་རྐྱེན་པས་ འབར་མའི་རྒྱལ་ཡོངས་འོས་བསྡུ་ལས་ཁུངས་ནས་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་བཞིན་ཁྲིམས་མཐུན་གྱི་ཆབ་སྲིད་ཚོགས་པ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད་ ལྕམ་ཨོང་སན་སུའུ་ཅི་མཆོག་ནས་ ཁོང་གི་ཆབ་སྲིད་ཚོགས་པ་དེ་བཞིན་ཁྲིམས་ཐོག་ནས་སླར་གསོ་ཡོང་ཕྱིར་ རེས་གཟའ་ལྷག་པའི་ཉིན་ཁོང་གི་ཁྲིམས་རྩོད་པ་བརྒྱུད་འབར་མའི་དབུས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་པ་རེད་ ཡིན་ཡང་ ཆབ་སྲིད་དབྱེ་ཞིབ་པ་ཚོས་ལྕམ་སུའུ་ཅི་མཆོག་གིས་ཁྲིམས་ཐོག་ནས་ཞུ་གཏུགས་གནང་རྒྱུ་དེ་མཚོན་དོན་ཙམ་མ་གཏོགས་དོན་དངོས་སུ་འབར་མའི་ཆེས་མཐོའི་ཁྲིམས་ཁང་དེ་བཞིན་རྒྱུན་ལྡན་དྲག་པོའི་སྲིད་གཞུང་གིས་བཀའ་དགོངས་གཞིར་བཟུང་འགྲོ་ཡི་ཡོད་ལྟབས་ འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་སྐྱར་གསོ་ཐུབས་པའི་ཐག་གཅོད་ཡོང་རྒྱུ་ཁག་པོ་ཡིན་པར་གཟིགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་༎