འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་བརྡ།

ཨེ་ཤེ་ཡའི་ཡུལ་ཁག་གི་ནང་ཆུ་བེད་སྤྱོད་གཏོང་མཁས་པོ་མ་བྱུང་ཚེ་རིང་པོར་མ་སོང་བར་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་བརྡ།

2010.10.12

༄༅༎ཨེ་ཤེ་ཡེའི་འཛུགས་བསྐྲུན་དངུལ་ཁང་Asian Development Bankགི་ཉམས་ཞིབ་མཁས་དབང་ཚོས་ཨེ་ཤེ་ཡའི་ཡུལ་ཁག་གི་ནང་ཆུ་བེད་སྤྱོད་གཏོང་མཁས་པོ་མ་བྱུང་ཚེ་རིང་པོར་མ་སོང་བར་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད་

དེ་ཡང་ཨེ་ཤེ་ཡ་འཛུགས་བསྐྲུན་དངུལ་ཁང་གི་སློབ་སྟོན་པ་ཨར་ཇུན་ཐ་པན་གྱིས་དེ་རིང་ཕི་ལི་པིན་སི་ནང་ཚུགས་པའི་ཆུའི་ཛ་དྲག་དཀའ་ངལ་སྐོར་ལྷན་ཚོགས་ལ་གཞུང་དང་བཟོ་གྲ་དེ་བཞིན་མང་ཚོགས་བཅས་ནས་ཆུ་གང་བྱུང་འཕྲོ་བརླག་མི་འགྲོ་བའི་ཐབས་ཤེས་གང་ཡོད་བྱེད་དགོས་པ་གྱུར་ཡོད་ཅེས་དང་ གྲོང་ཚོ་དང་གྲོང་ཁྱེར་ཁག་གི་ནང་དང་དེ་བཞིན་ཞིང་ཆུ་འདྲེན་པ་དང་བཟོ་གྲ་ཁག་གི་གློག་ཤུགས་མཁོ་འདོན་སོགས་ལ་ཆུ་འཕྲོ་བརླག་ཤུགས་ཆེ་འགྲོ་བཞིན་ཡོད་པ་དང་ ཆུའི་བེད་སྤྱོད་གཏོང་མཁས་པོ་མ་བྱུང་ཚེ་རིང་པོར་མ་སོང་བར་ཨེ་ཤེ་ཡའི་ཡུལ་ཁག་ནང་ འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་དང་དེས་ཤུགས་ཀྱིས་རྒྱལ་ཁབ་ཀྱི་བཟའ་ཆའི་ཐོན་བབས་དང་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལ་དཀའ་ངལ་ཆེན་པོ་བཟོ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་

ཨེ་ཤེ་ཡའི་དངུལ་ཁང་གི་སྙན་ཐོའི་ནང་ཤར་དང་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་ཁག་ནང་ཆུ་འགྲོའི་ཁྲིམས་ལུགས་ལག་བསྟར་ཡག་པོ་མེད་པའི་རྐྱེན་གྱིས་ཆུ་སྙིགས་བཙོག་པ་བརྒྱ་ཆ་༨༠ལྷག་གཙང་ཆུ་ཁག་གི་ནང་སིམ་འགྲོ་ཡི་ཡོད་པས་གཙང་ཆུ་ཁག་བཙོག་པ་ཤུགས་ཆེ་བཟོ་བཞིན་པར་དེས་རང་འབྱུང་གི་ཁམས་ལ་གནོད་འཚེ་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎