རི་འཛེགས་པ་༡༥༠ཡིས་ཇོ་མོ་གླང་མར་འཛེགས་པ།

བལ་ཡུལ་ངོ་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་རྩེར་དུས་གཅིག་ལ་རེ་འཛེགས་པ་༡༥༠ཡིས་འཛེགས་ཐུབ་པ།

༄༅༎འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་བལ་ཡུལ་ཕྱོགས་ནས་དུས་གཅིག་ལ་རི་འཛེགས་པ་༡༥༠ཙམ་གྱིས་འཛེགས་ཐུབ་པ་བྱུང་སྟེ། ད་བར་དུ་གངས་རི་ཇོ་མོ་གླང་མའི་རི་རྩེར་དུས་གཅིག་ལ་མི་གྲངས་མང་པོ་འཛེགས་ཐུབ་པ་བྱུང་བ་ཐེངས་གཉིས་པ་ཡིན་པ་རེད།

རེས་གཟའ་སྤེན་པའི་ཉིན་རི་འཛེགས་པ་མི་གྲངས་༡༥༠་ཙམ་གྱིས་གངས་རི་ཇོ་མོ་གླང་མའི་མཐོ་ཚད་བརྒྱ་སྟོང་བརྒྱད་བརྒྱ་བཞི་བཅུ་ཞེ་བརྒྱད་ཀྱི་རི་རྩེར་འཛེགས་ཐུབ་བྱུང་པ་བྱུང་ཡོད་ཅིང༌། དེའི་སྐོར་ལ་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་ཆམ་ལས་ཁུང་གི་དཔོན་རིགས་ནས། རི་འཛེགས་པ་ཉུང་ཤས་ཤིག་མུ་མཐུད་གངས་རི་འཛེགས་མ་ཐུབ་པར་ཕྱིར་ལོག་བྱས་ཡོད་པ་དང༌། གཟའ་འཁོར་སྔོན་དེར་འཇར་མ་ནི་ དང་ལྷོ་ཀོ་རི་ཡ། ཁེ་ན་ཌ། རྒྱ་ནག་བཅས་ཀྱི་རེ་འཛེགས་པ་བཞི་རིའི་བྲག་ཞུར་ནས་འཛར་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་ལས། དེ་མིན་གྱི་སྐྱོན་ཆག་གང་ཡང་མ་བྱུང་བར་རི་འཛེགས་པ་༡༥༠ ཙམ་གྱིས་རི་བོའི་རྩེ་བར་འཛེགས་ཐུབ་པ་བྱུང་ཡོད་པ་རེད།།