ལི་བི་ཡའི་རྒྱལ་སའི་ནང་གི་འཐབ་འཁྲུག་གནས་སྟངས།

ལི་བི་ཡའི་ནང་གི་གྱེན་ལོག་པ་ཚོས་ལི་བི་ཡའི་རྒྱལ་ས་ཀྲི་རི་པོ་ལི་ཐོག་དཔུང་འཇུག་བདག་བཟུང་བྱས་པའི་དྲིལ་བསྒྲགས་དེ་བདེན་པ་ཡིན་མིན།

2011.08.23

༄༅༎ག་རྡ་ཕིའི་བུ་སེཕ་ཨལ་ཨིསི་ལམ་ རིཀ་སོསེ་མགྲོན་ཁང་དུ་སྲུང་སྐྱོབ་དམ་པོའི་འོག་འགྲུལ་འཁོར་ནང་འབྱོར་བའི་བརྙན་པར་ཞིག་ཐོན་པའི་རྗེས་། ལི་བི་ཡའི་ནང་གི་གྱེན་ལོག་པ་ཚོས་ལི་བི་ཡའི་རྒྱལ་ས་ཀྲི་རི་པོ་ལི་ཐོག་དཔུང་འཇུག་བདག་བཟུང་བྱས་པའི་དགའ་ཚོར་གྱི་དྲིལ་བསྒྲགས་དེ་བདེན་པ་ཡིན་མིན་དོགས་གཞིའི་རང་བཞིན་དུ་གྱུར་ཡོད་པ་རེད།

རྒྱལ་ས་ཀྲི་རི་པོ་ལི་ནང་གྱེན་ལོག་པ་དང༌། ག་རྡ་ཕིའི་ཕྱོགས་གཏོགས་དཔུང་དམག་དབར་མེ་འཕེན་ཤུགས་ཆེ་བྱས་པ་དང༌། བྱང་མཚོ་ཨེཏ་ལེན་ཀྲིཀ་དམག་དོན་སྒྲིག་འཛུགས་ཀྱིས་ག་རྡ་ཕི་གབ་ཡིབ་བྱ་ཡུལ་གྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ས་ཁག་ལ་གནམ་ཐོག་ནས་གཏོར་རྒོལ་བཏང་བའི་རྗེས། ད་རང་སྔ་དྲོ་ཀྲི་པོ་ལི་ནང་ཕྱོགས་ག་ས་ག་ནས་དུ་བ་འཕྱུར་བཞིན་པ་མཐོང་རྒྱུ་ཡོད་པ་རེད། འོན་ཀྱང་ཀྲི་རི་པོ་ལི་ཐོག་དངོས་སུ་དབང་སྒྱུར་སུས་བྱེད་མིན་ད་ལྟ་གནས་ཚུལ་ཁ་གསལ་མེད་པ་རེད།

རུཡེ་ཊར་གསར་ལས་ཁང་གིས་སྒྲ་འཇུག་བྱས་པའི་བརྙན་པར་ཞིག་གི་ནང༌། རིཀ་སོ་སེ་མགྲོན་ཁང་མདུན་ག་རྡ་ཕིའི་བུ་སེཕ་ཨལ་ཨིསི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྣེ་ལེན་བྱེད་བཞིན་ཡོད་པ་དང༌། འགྲུལ་འཁོར་ནང་ནས་ཐོན་ཏེ་སེཕ་ཡིས་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་ལ་དམའ་འབེབས་བཏང་བ་དང༌། མང་ཚོགས་ལ་ལི་བི་ཡའི་ནང་ཚང་མ་བདེ་ཐང་ཡོད་པ་དང༌། གྱེན་ལོག་པ་ཚོ་ཕམ་ཉེས་བཏང་ནས་ཁོང་ཚོ་དཀའ་ལས་ཁག་པོ་བཟོས་ཡོད་ཁུལ་བརྗོད་སྟེ། གསར་འགོད་པ་ཚོ་ལྟ་སྐོར་ལ་འཁྲིད་ཀྱི་ཡོད་ཚུལ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎