སེམས་ཅན་སྲུང་སྐྱོབ་ཆེད་ཉུལ་ཞིབ་དང་གསང་འཕྲིན་བརྗེ་རེས།


2015.02.06
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ཀྱི་འཐུས་མི་རྣམ་པས་རི་དྭགས་སེམས་ཅན་གྱི་པགས་རིགས་རྒྱན་གོས་གྱོན་ཡོད་པ། ༢༠༡༤།༡༢ བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ཀྱི་འཐུས་མི་རྣམ་པས་རི་དྭགས་སེམས་ཅན་གྱི་པགས་རིགས་རྒྱན་གོས་གྱོན་ཡོད་པ། ༢༠༡༤།༡༢
དྲ་བཤུས

རྒྱལ་ཁབ་༡༣བར་སེམས་ཅན་སྲུང་སྐྱོབ་དང་འབྲེལ་བའི་ཉུལ་ཞིབ་དང་གསང་འཕྲིན་བརྗེ་རེས་བྱ་ཕྱོགས་ཐད་མོས་མཐུན་བྱུང་འདུག
དེ་ཡང་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་རང་བྱུང་ཁོར་ཡུག་ནང་གི་སྟོང་ལ་འགྲོ་ཉེན་ཆེ་བའི་རི་དྭགས་སེམས་ཅན་སྟག་སྲུང་སྐྱོབ་སླད། བལ་ཡུལ་དང་། རྒྱ་གར་འབྲུག་ཐེ་བས་རྒྱལ་ཁབ་༡༣གྱིས་སེམས་ཅན་སྲུང་སྐྱོབ་དང་འབྲེལ་བའི་ཉུལ་ཞིབ་དང་གསང་འཕྲིན་བརྗེ་རེས་བྱ་ཕྱོགས་ཐད་ཟུང་འབྲེལ་གྱི་གླེང་སྟེགས་བསྐྲུན་རྒྱུའི་སྐོར་མོས་མཐུན་བྱུང་ཡོད་པ་དང་། དེ་ནི་བལ་ཡུལ་གཞུང་དང་ World Wildlife Fundཞེས་པའི་འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་ཐེབས་རྩ་གཉིས་ཀྱིས་གོ་བསྒྲིགས་འོག་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་གྲུའི་ནང་། ཉིན་ལྔའི་རིང་གཞུང་དང་གཞུང་འབྲེམ་མ་ཡིན་པའི་ཚོགས་པ་དང་མཁས་པའི་མི་སྣ་བཅས་བརྒྱ་སྐོར་ལྷག་ཙམ་ལྷན་འཛོམས་ཀྱིས་ཨེ་ཤེ་ཡའི་ཁུལ་དུ་སྟོང་ལ་འགྲོ་ཉེན་ཆེ་བའི་རི་དྭགས་སྲུང་སྐྱོབ་བྱ་ཕྱོགས་དང་། དེ་བཞིན་ཁྲིམས་འགལ་གྱི་རི་དྭགས་ལ་ཁྱི་ར་རྒྱག་པ་སོགས་བརྒྱུད་དེ་ནག་ཚོང་ཁྲོམ་རའི་ནང་རི་དྭགས་སེམས་ཅན་གྱི་པགས་རིགས་ཚོང་འགྲེམས་འགོག་ཐབས་བྱ་ཕྱོགས་བཅས་ཀྱི་སྐོར་ལྷན་ཚོགས་གནང་བཞིན་ཡོད་འདུག རེས་གཟའ་པ་སངས་ཉིན་བལ་ཡུལ་གཞུང་གི་རྒྱལ་ཡོངས་སྐྱེས་ཚལ་དང་རི་དྭགས་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་Tikaram Adhikariཡིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཨེ་ཤེ་ཡའི་ཁུལ་དུ་སྟོང་ལ་འགྲོ་ཉེན་ཆེ་བའི་རི་དྭགས་སེམས་ཅན་སྲུང་སྐྱོབ་ཆེད། ཁྲིམས་འགལ་གྱིས་ཁྱི་ར་འགོག་ཐབས་དང་། སེམས་ཅན་གྱི་ཐོན་ཁུངས་ནག་ཚོང་ཁྲོམ་ར་མཚམས་འཇོག་ཡོང་སླད། རྒྱལ་ཁབ་རེ་རེ་གཅིག་པུས་གདོང་ལེན་ཁ་གཏད་བྱེད་པ་ལས་ཟུང་འབྲེལ་གྱི་ལས་དོན་མཉམ་ལས་སྤེལ་ཚེ་ནུས་པ་ཆེ་བ་ཐོན་རྒྱུ་ཡིན་སྟབས་ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་ཨེ་ཤེ་ཡའི་རྒྱལ་ཁབ་༡༣གྱི་སྐུ་ཚབ་རྣམ་ནས་ཕན་ཚུན་གསང་འཕྲིན་བརྗེ་རེས་དང་། མཐུན་འགྱུར་མཁོ་སྤྲོད་གནང་ཕྱོགས་སྐོར། ཟུང་འབྲེལ་གྱི་གླེང་སྟེགས་བསྐྲུན་རྒྱུའི་ཐག་གཅོད་བྱུང་ཡོད་པ་གསལ་བསྒྲགས་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། འདས་པའི་ལོ་ངོ་བཅུ་གྲངས་ནང་ཚུད་ཁྲིམས་འགལ་གྱིས་ཁྱི་ར་རྒྱབ་པའི་རྐྱེན་གྱིས་འཛམ་གླིང་ཐོག་སྟག་གི་གྲངས་འབོར་༡༠༠༠༠༠ཙམ་ཡོད་པ་ནས་ད་ཆ་སྟག་༣༠༠༠ལས་ལྷག་མེད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎