གླིང་ཚའི་ཨ་མས་རྐྱང་ཕྱག་ལས་འགུལ་སྤེལ་བཞིན་པ།
2013.01.14
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲོའུ་ལ་བཙོན་འཇུག་བྱས་ཡོད་པའི་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ཕྱི་ཚེས་༡༢ཉིན་ནས་མགོ་བཙུགས་ཏེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཉེ་འགྲམ་ནས་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་རྐྱང་ཕྱག་གི་ལས་འགུལ་ཞིག་སྤེལ་བཞིན་པ་དང་། ཁོ་མོས་སྤེལ་གནང་བཞིན་པའི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་རྒྱུ་དེ་བཞིན་བུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་ཀྱི་དགོས་འདུན་དོན་ཚན་ལྔ་མུ་མཐུད་རྒྱུན་འཁྱོངས་ཡོང་ཆེད་སོགས་ཡིན་པ་བཤད་འདུག
ཁོ་མོས་བརྗོད་དོན། བུ་ཚེ་བརྟན་རྡོ་རྗེ་ཡིས་ལོ་སྔོན་མའི་ཕྱི་ཟླ་༡༠བ་ཙམ་ནས་བལ་ཡུལ་བཙོན་ཁང་དུ་ཞི་བའི་ངག་བཅད་གནང་བཞིན་ཡོད་པ་དང་། ད་ཆ་ཁོང་གི་སྐུ་གཟུགས་དེ་ཙམ་གྱི་བདེ་པོ་མིན་པ་བརྗོད་འདུག