༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་གསུངས་འདུག

2022.08.27
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་གསུངས་འདུག India Today གསལ་ལས་ཁང་།
RFA/India today

དེ་ཡང་ India Today ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་བཀོད་པར་ལྟར་ན། ཉེ་ཆར་ཐའེ་ཝན་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་འཚམས་གཟིགས་ཕེབས་པའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། གསར་ལས་ཁང་གིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་སུ་གནད་དོན་འདིའི་ཐད་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་མི་མང་ཚོས་ཤིན་ཏུ་གུས་བརྩི་དང་དད་པ་ཞུ་བཞིན་ཡོད་རེད་ལ། དམིགས་བསལ་ཐའེ་ཝན་ནང་གི་ནང་པའི་དད་ལྡན་པ་སློབ་མ་མང་པོ་ཞིག་གིས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་གནང་ཐུབ་པའི་ཐུགས་རེ་དང་འབོད་སྐུལ་ཞུ་མཁན་མང་པོ་ཡོད་པར་བརྟེན་ང་ཚོས་ཕྱི་སྲིད་ལས་ཁུངས་སུ་སྙན་སེང་ཞུས་ཡོད་ཅེས་གསུངས་འདུག
ཡང་ཁོང་གི་མུ་མཐུད་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཆིབས་བསྒྱུར་གནང་ཐུབ་པ་ཡིན་ན། དེ་ནི་ཆིབས་བསྒྱུར་ཐོག་མ་ཆགས་ཀྱི་མེད་པ་དང་དེའི་གོང་ལའང་ཐེངས་འགའ་ཤས་ཆིབས་བསྒྱུར་གནང་མྱོང་ཡོད་རེད་ཅེས་གསུངས་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ལ་ཐོག་མར་ཕྱི་ལོ་ ༡༩༩༧ དང་དེ་ནས་རིམ་པས་ཕྱི་ལོ་ ༢༠༠༡ དང་། ༢༠༠༩ བཅས་སོ་སོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
འོན་ཀྱང་རྗེས་སུ་རྒྱ་ནག་གི་གནོན་ཤུགས་ཆེ་དྲག་པའི་རྐྱེན་གྱིས་ཐའེ་ཝན་ནང་ཆིབས་བསྒྱུར་གནང་ཐུབ་མེད་པ་རེད་ཅེས་India Today་གསར་ལམ་ཐོག་བཀོད་འདུག།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎