སྐུ་ཞབས་ཨཕ་ཏཱཕ་ལགས་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་ནང་ཞུགས་རྒྱུ།

ཁྲིམས་རྩོད་པ་ Aftab Pureval ལགས་Cincinnati གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྱི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུ།
ཁྲིམས་རྩོད་པ་ Aftab Pureval ལགས་Cincinnati གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྱི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུ། (Aftab Pureval ལགས་ཀྱི་ངོ་དེབ།)

ཨ་མ་བོད་རིགས་ཡིན་པའི་ཨ་མི་རི་ཀའི་ Ohio མངའ་སྡེའི་ Hamilton རྫོང་ལས་ཁུངས་ཀྱི་དམངས་གཙོ་ཚོགས་པའི་ཁྲིམས་རྩོད་པ་ཡིན་པ་Aftab Pureval གིས་ཕྱི་ཚེས་༡༤ཉིན། རང་གི་ཊུ་ཝི་ཊར་(Twitter)སྤྱི་ཚོགས་བརྡ་འཕྲིན་བརྒྱུད་ Cincinnati གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྱི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

རང་ལོ་༣༨་ལ་ཡིན་པའི་Aftab གི་ཨ་མ་བོད་རིགས་དང་ཕ་རྒྱ་གར་བ་ཡིན་པ་དང་།ཕ་མ་གཉིས་ཕྱི་ལོ་༡༩༨༠ནང་ཨ་རིའི་ནང་འབྱོར་ཏེ་Ohio མངའ་སྡེའི་ནང་གཏན་སྡོད་གནང་བཞིན་ཡོད་པ་དང་། ཁོང་ནས་ཕྱི་ལོ་༢༠༡༨ལོར་དམངས་གཙོ་ཚོགས་པའི་ཚོགས་ཁོངས་འོས་མི་གནང་སྟེ་ གྲོས་ཚོགས་འཐུས་མིའི་འོས་བསྡུའི་འགྲན་རྩོད་ནང་ཞུགས་ཡོད་ཀྱང་། སྐབས་དེར་འོས་ཐོབ་བྱུང་མེད་པ་རེད།

ཐེངས་འདིའི་ Cincinnati གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་བསྡུའི་འགྲན་རྩོད་ནང་། ཨ་མ་བོད་རིགས་ཡིན་པ་རང་ལོ་༣༨་སོན་པའི་Aftab ལགས་དང་། དེ་བཞིན་གྲོང་ཁྱེར་དེའི་སྲིད་གཞུང་གི་འཐུས་མི་བཞི་དང་། ཡང་མངའ་སྡེའི་གྲོང་ཚོགས་གོང་མའི་འཐུས་མི་ཞིག་བཅས་ཞུགས་ཡོད་པ་རེད། Aftab གིས་གྲོང་ཁྱེར་མང་ཚོགས་ལ་ད་ལྟ་ཏོག་དབྱིབས་༡༩འི་ནད་ཡམས་ཁྱབ་གདལ་ཆེ་བའི་དཀའ་ངལ་འོག་དཔལ་འབྱོར་གྱི་ལས་གཞིར་དོ་ཕོག་ཤུགས་ཆེ་ཕོག་ཡོད་པ་དེ་བསྐྱར་གསོ་བྱས་ནས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གཅིག་གི་དུས་ཡུན་རིང་དཔལ་འབྱོར་འཛུགས་བསྐྲུན་གྱིས་ལས་གཞི་རིམ་པ་ཞིག་སྤེལ་ཐུབ་པ་གནང་རྒྱུ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད།།