ཨཕ་ག་ནིསྟན་ཞི་མོལ་ཚོགས་ཆུང་པ་ཀིསྟན་ནང་གཟིགས་སྐོར།
2011.01.02
༄༅༎ཨཕ་གནིསྟན་གྱི་སྲིད་འཛིན་ཀར་ཛས་བསྐོ་གཞག་གནང་བའི་ཞི་མོལ་ཚོགས་ཆུང་ཞིག་དེ་རིང་པཀིསྟན་ནང་གཟིགས་བསྐོར་ཕེབས་ཡོད་འདུག ཨཕ་ག་ནིསྟན་གྱི་སྲིད་འཛིན་ཟུར་པ་སྦུར་ཧ་ནུ་རྡིན་ར་སྦ་ནིས་དབུ་ཁྲིད་པའི་ཚོགས་མི་མི་གྲངས་༧༠་ལས་གྲུབ་པའི་ཚོགས་ཆུང་ཞིག་ པཀིསྟན་ནང་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་དང་སྲིད་བློན་ཡུ་སུཕ་ར་ཛ་གི་ལ་ནི་བཅས་ལ་མཇལ་འཕྲད་གནང་གི་ཡོད་པའི་སྐོར་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཞོན་ཨ་ཏོ་ལ་ལུ་རྡིན་གྱིས་གསར་འགོད་ལྷན་ཚོགས་ལ་ངོ་སྤྲོད་གནང་ཡོད་པ་རེད་
དེ་ཡང་ཁོང་གིས་ང་ཚོས་ཨཕ་ག་ནིསྟན་ནང་ཞི་བདེ་ཡོང་ཐབས་སུ་འབྲེལ་ཡོད་ཚན་པ་གང་ཡོད་ཀྱི་ལྷན་བཀའ་མོལ་ཞུ་རྒྱུའི་འབད་བཙོན་ཞུ་ཡི་ཡིན་ཞེས་དང་ དེ་རིང་གི་གཟིགས་བསྐོར་འདི་ལས་དོན་འགོ་བཙུགས་ཙམ་ཡིན་པས་གྲུབ་འབྲས་ཇི་ཡོང་བརྗོད་མི་ཐུབ་ཀྱང་ང་ཚོར་ལས་དོན་ཡག་པོ་ཡོང་བའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད་
ཨཕ་ག་ནིསྟན་གྱི་སྲིད་འཛིན་ཀར་ཛའི་གཞུང་ལ་ཁ་གཏད་གདོང་ལེན་བྱེད་མཁན་ཏ་ལི་སྦན་ཆོས་ཚོགས་ཀྱི་འགོ་ཁྲིད་མུ་ལ་ཨོ་མར་དང་གཞན་འགོ་ཁྲིད་མཐོ་གྲས་ཁག་པཀིསྟན་གྱི་ས་ཁུལ་ནང་འཇབ་གཡིབ་བྱེད་བཞིན་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ ཨཕ་ག་ནིསྟན་གྱི་ཀར་ཛའི་གཞུང་ལ་པཀིསྟན་གྱི་ལྷན་ནང་དོན་བཀའ་མོལ་གྱིས་བར་སྡོམ་ཞིག་མ་བྱུང་གི་བར་ཨཕ་གནིསྟན་གྱི་ནང་འཁྲུག་གི་དཀའ་རྙོག་དེར་ཞི་འགྲིག་ཡོང་ཐབས་དཀའ་བའི་འཚོར་སྣང་ཤུགས་ཆེ་ཞིག་ཡོང་གི་ཡོད་པ་ངོ་སྤྲོད་གནང་གི་ཡོད་པ་རེད༎