ཨཕ་ག་ནི་སི་ཐན་ནང་གྲོས་ཚོགས་ཀྱི་འོས་བསྡུ་ཕྱིར་འགྱངས་བྱས།

ཨཕ་ག་ནི་སི་ཐན་ནང་གྲོས་ཚོགས་ཀྱི་ཕྱིར་འགྱངས་གནང་ཏེ་འོས་བསྡུ་འདི་ལོ་ཕྱི་ཟླ་དགུ་པའི་ཚེས་༡༨གནང་རྒྱུའི་གསལ་བསྒྲགས་གནང་འདུག

2010.01.24

༄༅།།ཨཕ་ག་ནི་སི་ཐན་ནང་གྲོས་ཚོགས་ཀྱི་འོས་བསྡུ་འདི་ལོ་ཕྱི་ཟླ་ལྔ་པའི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འབྲུ་དོན་བཞིན་གནང་དགོས་ཀྱང་དགོས་དངུལ་དང་སྲུང་སྐྱོབ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་ད་ཆ་འོས་བསྡུ་དུས་ཐོག་གནང་ཐུབ་ཀྱི་མེད་སྟབས་འོས་བསྡུ་འདི་ལོ་ཕྱི་ཟླ་དགུ་པའི་ཚེས་༡༨གནང་རྒྱུའི་གསལ་བསྒྲགས་གནང་འདུག གྲོས་ཚོགས་ཀྱི་འོས་བསྡུའི་དགོས་དངུལ་ཨ་རིའི་ཌོ་ལར་ས་ཡ་༡༢༠ཐམ་པ་ནས་ཌོ་ལར་ས་ཡ་༥༠ཐམ་པ་རྒྱལ་སྤྱིའི་རོགས་དངུལ་ནས་གནང་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་དགོས་བྱུང་དེ་རིགས་དུས་ཐོག་སྤྲོད་པ་བྱེད་པ་ལ་རྒྱལ་ཁབ་ནང་དུས་བསྟུན་ལེགས་བཙོས་རིགས་དགོས་པའི་ཆ་རྐྱེན་ལ་བརྟེན་ནས་དུས་ཐོག་གནང་མེད་པ་དང་དེའི་ཁར་རྒྱལ་ཁབ་ནང་སྲུང་སྐྱོབ་ཀྱི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཡོད་པར་བརྟེན་གྲོས་ཚོགས་ཀྱི་འོས་བསྡུ་དུས་ཐོག་གནང་རྒྱུར་དཀའ་ངལ་ཡོད་ལུགས་རང་དབང་ཅན་གྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཕེ་ཛིལ་ཨེ་མརྡ་མ་ན་ལྦི་(Fazil Ahmad Manawi)ཡིས་གསལ་བཤད་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎