བོད་རྔ་པ་ཁུལ་དུ་བོད་མི་ཞིག་ཉེས་རྡུང་འོག་རྐྱེན་འདས།

བོད་ཀྱི་ཨ་མདོ་རྔ་པ་ཁུལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་ནས་མཐའ་མ་རྐྱེན་ལམ་དུ་ཕྱིན་འདུག

2011.04.12

༄༅༎བོད་ཀྱི་ཨ་མདོ་རྔ་པ་ཁུལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་ནས་མཐའ་མ་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་གི་ཁམས་ཀྱི་སྐད་གདངས་ལས་བྱེད་བསྟན་འཛིན་དབང་རྒྱལ་ལགས་སུ་བཞུགས་སྒར་ཁུལ་བཅའ་བཞུགས་འབྲེལ་ཡོད་ཅིག་ནས་གནས་ཚུལ་ངོ་སྤྲོད་བྱས་པར་ལྟར་ན། བོད་ཀྱི་ཨ་མདོ་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་རྫམ་ཐང་རྫོང་བར་མ་ཤང་ནང་ཟླ་བ་འདིའི་ཚེས་བདུན་བརྒྱད་ཅིག་ལ་བོད་མི་བཅུ་ཕྲག་འགའ་ཤས་ཤིག་ནས་ས་གནས་ཉེན་རྟོག་ལས་ཁུངས་མདུན་བོད་ལ་རང་དབང་དགོས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ལོག་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་སྒྲོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག སྐབས་དེར་ངོ་རྒོལ་གྱི་ལས་འགུལ་འགོག་ཐབས་སུ་རྒྱ་མིའི་དམག་མིས་བོད་མི་ཚོའི་ཐོག་ཉེས་རྡུང་དྲག་པོ་བཏང་ནས་ཕོ་གསར་ལོ་ན་ཉི་ཤུ་རྩ་གྲངས་ལ་སླེབས་པ་ཞིག་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། ཕོ་གསར་དེ་ནི་རྔ་པ་ཁུལ་གྱི་རྒྱལ་རོང་ནས་ཡིན་པའི་ངོ་སྤྲོད་བྱས་འདུག། སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་མཐའ་མ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག གནས་ཚུལ་འདི་ཞི་འཇམ་ཡོང་ཆེད་ཕ་མ་སྤུན་ཉེ་ཚོར་རྒྱ་གཞུང་ནས་རྒྱ་སྒོར་ཁྲི་ཚོ་འགའ་ཤས་སྤྲད་ནས་ཁ་བཀག་རྩིས་བྱས་ཀྱང་ཁོང་ཚོས་ངོས་ལེན་བྱེད་མེད་པའི་གནས་ཚུལ་ངོ་སྤྲོད་གནང་འདུག འོན་ཀྱང་ད་ལྟའི་ཆར་ས་གནས་དེའི་ནང་འབྲེལ་བ་བྱེད་ཡུལ་ཁ་པར་སོགས་དམ་བསྒྲགས་བྱེད་ཀྱི་ཡོད་པའི་ཆ་ནས་གནས་ཚུལ་གསལ་པོ་ཤེས་རྟོག་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎