བོད་མི་ན་གཞོན་བོུ་ཞིག་ལ་དབྱིན་ཡུལ་དུ་སློབ་སྦྱོང་གོ་སྐབས།

རྒྱ་གར་ནང་བོད་པའི་ན་གཞོན་བོུ་ཞིག་ལ་ལོ་གཉིས་རིང་དབྱིན་ཡུལ་དུ་བེུད་ཀྱི་སྨན་པའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད་འདུག

༄༅༎དབྱིན་ཡུལ་གྱི་ཤེས་ཡོན་ཐེབས་རྩ་ཕེརེནྩེ་ ཨོཕ་ པེསེ་ཊ་ ལོ་ཛི་ ཨའེལ་ ཨོཕ་ མེན་ (Friends of Pestolozzi Isle of Man)ཞེས་པས་རྒྱ་གར་ནང་བོད་པའི་ན་གཞོན་བོུ་ཞིག་ལ་ལོ་གཉིས་རིང་བེུད་ཀྱི་སྨན་པའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད་འདུག༎
ཕྱི་ལོ་༢༠༠༠ཐམ་པའི་ལོར་རང་ལོ་བདུན་ཡིན་པའི་སྐབས་བོད་ནས་བྲོས་བྱོལ་གྱིས་རིམ་པས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་ཐོན་རྗེས་སུ་ཉེ་དུས་ དབྱིན་ཡུལ་གྱི་ ཤེས་ཡོན་ཐེབས་རྩ་ ཕེརེནྩེ་ ཨོཕ་ པེསེ་ཊ་ ལོ་ཛི་ ཨའེལ་ ཨོཕ་ མེན (Friends of Pestolozzi Isle of Man)ཞེས་པ་ནས་་སློབ་ཡོན་ཐོབ་ནས་དབྱིན་ཡུལ་དུ་འབྱོར་བ་ བདེ་ཆེན་དབྱངས་སྐྱིད་ཀྱི་མི་ཚེའི་མདུན་ལམ་བཟང་པོ་ཡོད་པ་དང་ ང་ཚོས་འདི་འདྲའི་གོ་སྐབས་རྩ་བ་ནས་ཐོབ་མ་སྲིད་པའི་ན་གཞོན་ཞིག་ལ་གོ་སྐབས་བཟང་པོ་འདི་བསྐྲུན་ཐུབ་པ་དགའ་ཚོར་ཆེན་པོ་ཡོད་ཅེས་ཐེབས་རྩའི་ཚོགས་གཙོ་ཌ་ཛ་ པ་ཊེལ་(Daza Patel) གྱིས་གསུངས་གནང་ཡོད་པ་ས་གནས་ཀྱི་ ཨའེལ་ ཨོཕ་ མེན་ ཨེཀ་ཛའེ་མེ་ཎར་(Isle of Man Exmaniner) ཞེས་པས་གནས་ཚུལ་སྤེལ་འདུག། ཁོང་གི་སློབ་ཡོན་དབྱིན་ཇིའི་པའོནྜི་(Pound) ཁྲི་གསུམ་ཡིན་པ་ནས་ཁྲི་གཅིག་ཕྱི་ཟླ་ལྔ་པའི་ནང་དཔལ་འབྱོར་འདུ་འཛོམས་ཤིག་སར་བྱུང་ཡོད་པ་དང་ ཁ་སྣོན་ཁྲི་གཅིག་ མནྩེ་ ཨོ་ལྦར་ སི་སེ་ ཨེ་ཌི་ ཀོ་མི་ཊི་(Manx Overseas Aid Committee) ཞེས་པས་པའོནྚི་ཁྲི་གཅིག་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག། ཐོག་མར་རྒྱ་གར་ལ་འབྱོར་སྐབས་ སོ་སོའི་ནང་དང་ཁ་བྲལ་བར་བརྟེན་སེམས་སྐྱོ་པོ་བྱུང་ འོན་ཀྱང་ད་ཆ་བོད་ཕྲུག་ཁྱིམ་སྡེ་ངའི་ནང་ངོ་མ་དེ་ཡིན་པའི་ཚོར་བ་ཡོང་གི་འདུག། མ་འོངས་པར་ངས་ བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འདོད་ཆེན་པོ་ཡོད་ཅེས་རང་ལོ་བཅུ་བདུན་ལ་སོན་པ་བདེ་ཆེན་དབྱངས་ལགས་ཀྱིས་ཁས་ལེན་གནང་འདུག༎