ད་ལོར་དབྱར་རྩ་དགུན་འབུའི་རིན་གོང་འཕར་ངེས་བ།


2014.06.18
བོད་ནང་དབྱར་རྩ་དགུན་འབུ་བརྐོ་བར་བསྐྱོད་བཞིན་པ། ༢༠༡༤།༤ བོད་ནང་དབྱར་རྩ་དགུན་འབུ་བརྐོ་བར་བསྐྱོད་བཞིན་པ། ༢༠༡༤།༤
བོད་འབྱོར།

ད་ལོར་བོད་ནང་དབྱར་རྩ་དགུན་འབུའི་ཐོན་ཚད་ཇེ་ཉུང་དུ་ཕྱིན་པའི་དབང་གིས་རིན་གོང་འཕར་ངེས་བ་ཞིབ་འཇུག་བྱས་འདུག
དེ་ཡང་དེང་སྐབས་བོད་ཀྱི་ས་གནས་གང་སར་དབྱར་རྩ་དགུན་འབུ་སྔོག་འཐུ་བྱེད་ཀྱིན་པའི་སྒང་ཡིན་ལ། གནས་ཚུལ་ལྟར་ན། ད་ལོར་དབྱར་རྩ་དགུན་འབུའི་ཐོན་ཚད་ལོ་སྔོན་མ་ལས་ཇེ་ཉུང་དུ་སོང་ཡོད་པས་བོད་མི་མང་པོ་ཞིག་ལ་དཔལ་འབྱོར་ཐད་རང་བཞིན་གྱིས་དཀའ་ངལ་འཕྲད་རྒྱུའི་ཚོད་དཔག་བྱེད་བཞིན་པ་རེད། བོད་ནང་དབྱར་རྩ་དགུན་འབུ་སྔོག་འཐུའི་དུས་ནི་སྤྱི་ཟླ་ལྔ་བ་ནས་མགོ་ཚུགས་ནས་ད་ལྟའི་དུས་འདིར་རྫོགས་རན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་དབྱར་རྩ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀྲའོ་ཅན་ཕེན་གྱིས་དབྱར་རྩ་དགུན་འབུའི་ཐོན་ཚད་ལོ་གཅིག་ལ་མང་པ་དང་། ཡང་ལོ་གཅིག་ལ་ཉུང་བ་ཡོང་བཞིན་པ་ཆོས་ཉིད་ལྟར་ན། ད་ལོའི་དབྱར་རྩ་དགུན་འབུའི་ཐོན་ཚད་སྤྱི་ཡོངས་ནས་ཇེ་ཉུང་དུ་སོང་ཏེ། ནག་ཆུའི་ས་ཆ་ཁག་ཅིག་ཏུ་ཐོན་ཚད་བརྒྱ་ཆའི་༥༠ཆག་ཡོད་པ་དང་། ཆབ་མདོའི་དབྱར་རྩ་དགུན་འབུའི་ཐོན་ཚད་ཀྱང་མར་ཆག་ཡོད། དབྱར་རྩ་དགུན་འབུའི་ཐོན་ཚད་ཇེ་ཉུང་དུ་སོང་བའི་ཞིབ་ཕྲའི་ཆག་ཚད་སྔོག་འཐུའི་དུས་ཚོད་རྫོགས་ན་མ་གཏོགས་ཤེས་ཐབས་མེད་མོད། འོན་ཀྱང་། ཐོན་ཚད་ཆག་པའི་དབང་གིས་རིན་གོང་འཕར་ངེས་ཡིན་པ་གཏན་འཁེལ་རེད་ཅེས་རྒྱ་ནག་གི་ཞིབ་འཇུག་སྡེ་ཚན་ཞིག་གིས་བརྗོད་འདུག
གནས་ཚུལ་ནང་། དབྱར་རྩ་དགུན་འབུ་རྐང་༢༠༠༠ལ་སྤྱི་རྒྱ་རེ་ཡོད་པ་ཚད་གཞི་བྱས་ན། ཕྱི་ཟླ་༥པའི་མཇུག་ཏུ་སྤྱི་རྒྱ་རེར་སྒོར་འབུམ་གཉིས་དང་ཁྲི་གསུམ་ལ་འཕར་ཡོད་ཚུལ་བཀོད་འདུག
དེ་མིན་གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། མཚོ་སྔོན་ས་ཁུལ་དུའང་དབྱར་རྩ་དགུན་འབུའི་ཐོན་ཚད་ཤིན་ཏུ་ཇེ་ཉུང་ལ་སོང་པ་དང་། དངོས་སུ་དབྱར་རྩ་དགུན་འབུ་འཐུ་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ། ད་ལོར་དབྱར་རྩ་དགུན་འབུ་མང་པོ་སྐྱེས་མེད་པས་ངས་ས་རིན་ཡང་མི་སོད་པའི་སེམས་ཁུར་ཡོད་ཅེས་འགྲེལ་བརྗོད་བྱས་བྱུང་།
བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩ་དགུན་འབུའི་ཐོན་ཚད་ཊིན་༥༤ཙམ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎