ཇོན་ཁེ་རེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཏན་འཁེལ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་ཁེ་རེ་མཆོག་ལ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་གྱི་འོས་ཤོག་མང་མོས་ཐོབ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་གཏན་འཁེལ་བྱུང་འདུག

2013.01.30

ཇོན་ཁེ་རེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་

དེ་ཡང་འདས་པའི་ལོ་བཞིའི་རིང་སྲིད་འཛིན་Obamaམཆོག་གི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་གནང་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཨ་རིའི་ཕྱི་འབྲེལ་གྱི་རྙོག་གླེང་ཁག་སེལ་རོགས་གནང་མཁན་དང་། གྲོས་ཚོགས་གོང་མའི་འཐུས་མི་John Kerry ལ་ཁ་སང་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་གྱི་འོས་ཤོག་༩༤ཐོབ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་གནས་ཐོག་གཏན་འཁེལ་བྱུང་བ་དང་།

སྤྱི་མཐུན་ཚོགས་པ་དང་། དམངས་གཙོ་ཚོགས་པ་གཉིས་ཀསJohn Kerry ལ་མོས་གུས་ཆེན་པོའི་སྒོ་ནས་ལྕམ་ཁི་ལིན་ཊན་གྱི་རྗེས་འཛིན་གནང་མཁན་འོས་འཚམས་ཤིག་ལ་ངོས་འཛིན་གནང་འདུག།  དགུང་གྲངས་༦༩ལ་ཕེབས་པའི་སྐུ་ཞབས་John Kerry ནི་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཤིག་གི་ཁྱིམ་ཚང་ནས་ཡིན་པ་མ་ཟད། Vietnam དམག་འཁྲུག་སྐབས་དམག་ཞབས་ཀྱང་གནང་མྱོང་ཡོད་པ་རེད། ཁོང་གིས་ལས་གནས་དེའི་ཐོག་ཕེབས་རྒྱུའི་རེ་བ་༢༠༠༩ནས་གནང་ཡོད་ནའང༌། དུས་དེ་ནས་བཟུང་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོའི་གོ་གནས་བཞེས་བ་དང་། སྲིད་འཛིན་ཨོ་བ་མས་ཁོང་ལ་ཨབ་གྷ་ནི་སི་ཐན་དང་། པ་ཀི་སི་ཐན་མཉམ་ཨ་རིའི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ་འབྲེལ་ལམ་བཟང་དུ་གཏོང་ཐབས་ཀྱི་ལས་འགན་གནང་ཡོད་རེད།

John Kerry ཡིས་རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་ཆེའི་མཚན་གནས་འགན་བཞེས་ཀྱི་དམ་བཅའ་ནམ་འཇོག་ད་དུང་གཏན་འཁེལ་བྱུང་མེད་ནའང༌། ཕྱི་སྲིད་ལྷན་ཁང་གིས་བདུན་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ཁོང་ལ་དགའ་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་འདུག ད་རེས་John Kerry ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་བའི་ཐད་རྒྱ་ནག་གི་གསར་ལམ་ཁག་ནང་དགའ་བསུའི་རྣམ་འགྱུར་དེ་ཙམ་ཐོན་མེད་པ་མཐོང་རྒྱུ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎