རྒྱ་གར་ནས་གོམ་བགྲོད་སྤེལ་མཁན་རྣམས་ཨལ་མོ་ར་དུ་འབྱོར་བ།

རྒྱ་གར་ནས་བོད་ལ་ཕྱིར་ལོག་ཅེས་པའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་རྒྱ་གར་བྱང་ཕྱོགས་ཨལ་མོ་ར་ཞེས་པའི་གྲོང་ཁྱེར་དུ་བདེ་འབྱོར་བྱུང་ཡོད་པ་རེད།

2008.05.14

༄༅༎རྒྱ་གར་ནས་བོད་ལ་ཕྱིར་ལོག་ཅེས་པའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་ཨལ་མོ་ར་ཞེས་པའི་ས་གནས་སུ་འབྱོར་ཡོད་འདུག།

བོད་ལ་ཕྱིར་ལོག་ཅེས་པའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པའི་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་མྱུར་འཕྲིན་ཐོག་ནས་གནས་ཚུལ་སྤེལ་བར་ལྟར་ན། གོམ་བགྲོད་པ་རྣམས་ཁ་ས་རྒྱ་གར་བྱང་ཕྱོགས་ཨུ་ད་རན་ཅལ་མངའ་སྡེའི་ཀུ་མོན་རི་རྒྱུད་དུ་ཆགས་པའི་ཨལ་མོ་ར་ཞེས་པའི་གྲོང་ཁྱེར་དུ་བདེ་འབྱོར་བྱུང་ཡོད་པ་དང་། ས་ཁུལ་འདི་ནས་བོད་ཀྱི་ས་མཚམས་ཐག་ཉེ་པོ་ཆགས་ཀྱི་ཡོད་འདུག། གོམ་བགྲོད་པ་རྣམས་ཐོག་མར་ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ་བོད་མིའི་སྒེར་ལངས་ཀྱི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་བཙུགས་ཀྱིས་ཧི་མ་ཅལ་དང་། པན་འཇབ། ཧར་ཡ་ན། ལྡི་ལི་བཅས་མངའ་སྡེ་ཁག་ཅིག་བརྒྱུད་ནས་ད་ཆ་བྱང་ཕྱོགས་རི་རྒྱུད་དུ་ཆགས་པའི་ཨུ་ད་རན་ཅལ་མངའ་སྡེའི་ས་ཁུལ་དུ་འབྱོར་ཡོད་པ་དང་།ཁོང་རྣམས་ལམ་བར་འགྲུལ་བཞུད་བྱེད་པའི་སྐབས་གནམ་གཤིས་ཚ་གྲང་འདྲ་མིན་སྣ་ཚོགས་དང་། ལྷག་པར་དུ་ལམ་ཆེན་བརྒྱུད་འགྲུལ་ཞུད་བྱེད་དགོས་པར་བརྟེན་མོ་དྲའི་འུར་སྒྲ་དང་། ཛ་དྲག་གི་ཉེན་ཁ་སོགས་དཀའ་ངལ་དུ་མ་ཞིག་འཕྲད་ཀྱང་ཚང་མས་ཆོད་སེམས་བརྟན་པོར་གནས་ཐུབ་ཡོད་པ་དང་། འགྲུལ་ལམ་ཁག་ལ་རྒྱ་གར་ཡུལ་མི་ཚོས་སྣེ་ལེན་མཐུན་འགྱུར་ཧ་ཅང་ཡག་པོ་བྱས་དང་བྱེད་བཞིན་ཡོད་པའི་སྐོར་བཀོད་འདུག། གོམ་བགྲོད་པ་མི་གྲངས་གསུམ་བརྒྱ་ལྷག་ཙམ་ཡོད་པའི་ཁོངས་སུ་རྒན་ཤོས་ལོ་ན་བདུན་བཅུ་ལྷག་ཙམ་སོན་པ་དང་། ལོ་ན་ཆུང་ཤོས་བཅུ་བདུན་ཡིན་པ་བཅས་གང་ལྟར་ཚང་མའི་ངོས་ནས་དཀའ་སྡུག་དང་། དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་མུ་མཐུད་ནས་ཐོག་མའི་དམིགས་ཡུལ་གཞིར་བཟུང་རང་གི་ལུང་པའི་ནང་ཕྱིར་འཛུལ་ཞུགས་ཐུབ་པའི་སེམས་ཤུགས་ཡོད་འདུག། དེའི་ཁོངས་སུ་ཕྱི་རྒྱལ་བའི་མི་རིགས་ཁག་ཅིག་ནས་གདུང་སེམས་མཉམ་སྐྱེད་ཀྱིས་གོམ་བགྲོད་བྱེད་བཞིན་པ་དང་། ཁག་ཅིག་ནས་གསར་འགོད་པ་དང་། འཕྲུལ་རིགས་ཀྱི་ཐོག་མཐུན་འགྱུར་གནང་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎