ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕུལ་བྱུང་གཟེངས་རྟགས་ཐོབ་པ།


2013.11.08
གཟེངས་རྟགས་ཐོབ་པའི་འཕྲུལ་དེབ་ཀྱི་མདུན་ཤོག རྒྱལ་སྤྱིའི་གསར་འགོད་ཚོགས་པའི
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱལ་སྤྱིའི་གསར་འགོད་ཚོགས་པའི་ཐོག་ཕུལ་བྱུང་གི་གཟེངས་རྟགས་ཤིག་ཐོབ་ཡོད་འདུག

དེ་ནི་སྤྱི་ལོ་༡༩༨༩ལོའི་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་དང་། རྒྱ་རིགས་མཐོ་རིམ་སློབ་མ་ཚོའི་ཐོག་དྲག་གནོད་བྱས་པའི་སྐོར་འཕྲུལ་དེབ་བརྒྱུད་ནས་དྲ་ངོས་སུ་གནས་ཚུལ་འདོན་སྤེལ་གསར་གཏོད་ཀྱི་ཁོངས་སུ་གཟེངས་བསྟོད་དེ་ཐོབ་ཡོད་པ་སྤྱི་ཚེས་༦ཉིན་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་འགོད་ཚོགས་པ Association of International Broadcasters ཞེས་བས་་མཛད་སྒོ་ཞིག་གི་ཐོག་གསལ་བསྒྲཌ་གནང་འདུག

དེའི་ཐད་འདི་གའི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་ལེ་བྷེ་ལུའུ་ཡིས་གསུངས་དོན། ལོ་ངོ་༢༤ཙམ་རིང་རྒྱ་ནག་གིས་གནམ་བདེ་སྒོ་མོའི་དོན་རྐྱེན་གྱི་གནས་ཚུལ་བཀག་བསྡོམས་བྱས་པའི་འོག གསར་འགྱུར་མཁོ་སྒྲུབ་དཀའ་བའི་ཁོར་ཡུག་ཅིག་ནང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབད་བརྩོན་ཆེན་པོས་གནས་ཚུལ་བདེན་པ་རག་ཐབས་བྱས་བ་ལ་ངོས་འཛིན་གྱི་གཟེངས་རྟགས་ཐོབ་པ་ཞིག་ཡིན་པ་ང་ཚོ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག

ཡང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་Dan Southerlandལགས་ཀྱིས་བརྗོད་དོན། སྐབས་དེའི་གནས་ཚུལ་དག་དབྱིན་ཡིན་དང་། རྒྱ་ཡིག་ཐོག་འཕྲུལ་དེབ་ཀྱི་ངོ་བོའི་ཐོག་ནས་རླུང་འཕྲིན་ཁང་གི་དྲ་ངོས་སུ་འདི་ལོ་སྤྱི་ཟླ་༦པའི་ནང་འདོན་སྤེལ་བྱས་ཡོད་པ་དེའི་ནང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་ངོ་རྒོལ་དངོས་སུ་མིག་མཐོང་བྱུང་མཁན་ཚོའི་་གནས་ཚུལ་ར་སྤྲོད་ཁག་དང་།  ཐོག་མར་དོན་རྐྱེན་བྱུང་བ་ནས་མཐར་རྒྱ་ནག་དམག་དཔུང་གིས་དྲག་གནོན་བྱས་པ་བཅས་དངོས་ཡོད་བརྙན་པར་དང་པར་རིས་དུས་ཚོད་ཀྱི་བྱུང་རིམ་སོགས་ཞིབ་ཕྲ་བཀོད་སྤེལ་བྱས་ཡོད་པ་སོགས་བརྗོད་འདུག

ད་ཐེངས་ Association of International Broadcastersཚོགས་པའི་གཟེངས་རྟགས་ཐོབ་པའི་ཁོངས་སུ་ད་དུང་BBCདང་། CNN། ཨོ་རོབ་རང་དབང་རླུང་འཕྲིན་སོགས་ཀྱང་ཡོད་པ་རེད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎