ཡོ་རོབ་ཏུ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་ལ་ངོ་རྒོལ།
2014.03.28

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་ཧྥ་རན་སི་དང་མཇར་མན་སོགས་སུ་གཟིགས་སྐོར་ལ་འབྱོར་སྐབས་ངོ་རྒོལ་བྱས་འདུག
དེ་ཡང་དེང་སྐབས་ཡོ་རོབ་ཁུལ་དུ་གཞུང་དོན་འཚམས་གཟིགས་བསྐྱང་བཞིན་པའི་རྒྱ་ནག་གི་སྲིད་འཛིན་Xi Jinping སྤྱི་ཚེས༢༨་རེས་གཟའ་པ་སངས་ཉིན་Germanyལ་ཕེབས་འབྱོར་གནང་འདུག་པ་དང་། སྐབས་དེར་མཇར་མན་གྱི་སྲིད་འཛིན་གྱི་ཕོ་བྲང་མདུན་དུ་དམག་མི་རུ་བསྒྲིགས་ཀྱིས་ཆེ་བསྟོད་ཕེབས་བསུ་ཞུས་ཡོད་ཀྱང་། ཕོ་བྲང་གི་ཕྱི་ལ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་ངོ་རྒོལ་རྔམ་སྟོན་བྱས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་མཇར་མན་དུ་མ་ཕེབས་གོང་གི་བདུན་ཕྲག་སྔོན་མ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་འགན་འཛིན་Kenneth Rothམཆོག་གིས་མཇར་མན་སྲིད་བློན་Angela Merkelམཆོག་ལ་རྒྱ་ནག་གི་སྲིད་འཛིན་དང་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཞེངས་ཕྱོགས་མཁྲེགས་པོ་བཟུང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནས་ཀྱང་རྒྱ་ནག་ནང་མི་དམངས་གང་བྱུང་དོ་དམ་འཛིན་བཟུང་བྱེད་པ་སོགས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ཀྱི་གནད་དོན་རིགས་གླེང་སློང་གནང་དགོས་པའི་སྐོར་སྐུལ་ལྕག་གནང་ཡོད་པ་རེད།
ཞེ་ཅིན་ཕུན་རྒྱ་ནག་གི་སྲིད་འཛིན་དུ་འདེམས་བསྐོ་བྱུང་པའི་རྗེས་མཇར་མན་ནང་གཞུང་དོན་འཚམས་གཟིགས་ཕེབས་པ་ཐོག་མ་ཡིན་པ་རེད།
དེ་བཞིན་ཚེས༢༧ཉིན་ཧྥ་རན་སེའི་བོད་རིགས་ཚོཊ་པའི་གོ་བསྒྲིགས་འོག་ཧྥ་རན་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ། རྒྱ་རིགས་མང་གཙོ་དོན་གཉེར་བཅས་རྒྱལ་ས་པཱ་རེ་སིས་འགྲོ་བ་མིའི་ཐོབ་ཐང་གི་ཐང་ཆེན་ཐོག་འཛོམས་ནས་རྒྱ་ནག་གི་སྲིད་འཛིན་ཞེ་ལ་ངོ་རྒོལ་བྱས་སྐབས་ཕ་རན་སིའི་གྲོས་ཚོཌ་འཐུས་མི་ཁག་ཅིག་མཉམ་ཞུཊ་གནང་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་བཏོན་གནང་ཡོད་པ་དང་། སྐབས་དེར་མི་མང་འདུ་འཛོམས་སར་ཕ་རན་སིའི་བོད་རིགས་ཚོཊ་པའི་ཚོཊ་གཙོ་ཐུབ་བསྟན་རྒྱ་མཚོ་ལཊ་ཀྱིས། ད་བར་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ངན་པ་ཁག་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་གཏམ་བཤད་གནང་ཡོད་པ་རེད།
མཇར་མན་ཏུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༣།༢༨
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་བསོད་ནམ་ལྷ་མོ།