རྒྱལ་སྲས་མཆོག་གསོལ་སྟོན་ལ་གཡོལ་ཐབས་བྱས་བ་མ་རེད་ཟེར།
2015.10.21

༄༅།གཟའ་མིག་དམར་གྱི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་དབྱིན་ཇི་རྒྱལ་པོའི་ཕོ་བྲང་(Buckingham Palace)ལ་དབྱིན་ཇིའི་རྒྱལ་པོའི་གཟིམ་ཁང་གིས་ཆེ་བསྟོད་ཀྱི་གསོལ་སྟོན་ཞིག་འབུལ་གྱི་ཡོད་པ་དེའི་སར་དབྱིན་ཇིའི་རྒྱལ་སྲས་ཁྲི་པ་(Prince Charles)ཆེད་མངགས་གཡོལ་ཐབས་གནང་བ་དེ་འདྲ་མིན་ལུགས་དབྱིན་ཇིའི་གསར་འགོད་པས་རྒྱལ་ཁང་གིས་བཏོན་པའི་གནས་ཚུལ་ལ་ལུངས་དྲངས་ཏེ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཁྱབ་གཏམ་ཁག་ཅིག་གིས་ཤོད་སྲོལ་ལ་རྩ་བའི་དབྱིན་ཇིའི་རྒྱལ་སྲས་ཁྲི་པ་ཅལ་སེ་མཆོག་ནི་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་ཉེ་འབྲེལ་ཡོད་པའི་ཆ་ནས་ད་རེས་ཆེད་མངགས་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ལ་གཡོལ་ཐབས་བྱས་པ་རེད་ཅེས་ཤོད་མཁན་ཡང་ཡོད་པ་རེད།ད་དུང་ཁག་ཅིག་གིས་ཤོད་སྲོལ་ལ་དེ་སྔོན་དེ་འདྲ་བའི་རྒྱ་ནག་གི་འགོ་ཁྲིད་ཆེ་ཁག་དང་མཇལ་འཛོམས་བྱེད་རྒྱུའི་མཛད་སྒོ་དེ་འདྲ་བ་འགའ་ཤས་གཡོལ་ཐབས་གནང་ཡོད་པའི་སྐོར་དང། ཡང་ཤོད་སྲོལ་གཞན་ཞིག་ལ་དེ་སྔོན་དབྱིན་ཇིའི་རྒྱལ་སྲས་ཅལ་སེ་མཆོག་གིས་སྤྱི་ལོ་༢༠༠༨་ནས་སྤྱི་ལོ་༢༠༡༢དུས་རིང་ལ་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་རུང། དཔེར་ན། ཟླ་བ་སྔོན་མ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཕེབས་སྐབས་༧གོང་ས་མཆོག་གིས་རྒྱལ་སྲས་གྲོགས་པོ་ཉེ་པོ་ཡིན་ཞེས་གསུངས་ཡོད་ཀྱང་རྒྱལ་སྲས་ཅལ་སེ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་མེད་པ་དེས་ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཤིག་བྱུང་ཡོད་ལུགས་དབྱིན་ཇིའི་བྷི་བྷི་སིས་བརྗོད་ཡོད་པ་རེད།དབྱིན་ཇིའི་རྒྱལ་སྲས་ཁྲི་པ་ཅལ་སེ་མཆོག་གིས་རྒྱ་ནག་སྲིད་འཛིན་སྟེང་ཞལ་གཉིས་མགྲོན་ཁང་དུ་མཇལ་འཕྲད་རྗེས་ཕོ་བྲང་དུ་གཞུང་འབྲེལ་གྱི་དགའ་བསུ་ཞུས་གནང་བ་དང་ཉིན་དགུང་རྒྱབ་ལ་རྒྱས་སྲས་ཅལ་སེ་མཆོག་གི་གཟིམ་ཤག་ཏུ་གསོལ་ཇ་ལྷན་བཞེས་གནང་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་བཞག
གསར་འགོད་པ་ཕྲེང་རིང་བསྟན་ནོར།